འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་31ཉིན།

༄༅༎ཉི་མ་རྫོང་གིས་ཞང་ཞུང་རིག་གནས་ཡུལ་སྐོར་རྟ་རྒྱུག་དུས་ཆེན་སྐབས་བཅུ་པ་གཉེར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་31ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན། 2020ལོའི་ཉི་མ་རྫོང་གི་ཞང་ཞུང་རིག་གནས་ཡུལ་སྐོར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་འགོ་ཚུགས་པ་དང་རྩྭ་ཐང་གང་སར་དགོད་སྒྲ་དང་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས།
     དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ར། སྐད་གསང་མཐོན་པོའི་འབྲོག་གླུ། སྒེག་ཉམས་ལྡན་པའི་ཞབས་བྲོ། མཛེས་སྡུག་ལྡན་པའི་རྒྱན་གོས། ངོ་མཚར་ཆེ་བའི་རྟ་རྩལ་བཅས་ཀྱིས་ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་ཐོག་ནས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མངོན་ཞིང་། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཉི་མ་རྫོང་གི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་གང་ལེགས་མངོན་ཡོད་ལ། ཉི་མ་རྫོང་གི་མི་རིགས་ཁག་གི་མི་དམངས་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དགའ་སྤྲོའི་རྣམ་པ་གང་ལེགས་མངོན་ཡོད་པ། དུས་རབས་གསར་པ་དང་འགོ་ཚུགས་ས་གསར་པར་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་ཡོད།
     ཉི་མ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་ནག་ཆུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། བྱང་ཐང་མཐོ་སྒང་གི་མཚེའུ་ཆེན་གཞོང་སར་ཆགས་ཡོད། རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པ་དང་དེའི་ཁོངས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། མཛེས་ལྗོངས་ཁུལ་གཙོ་བོར་རྟ་ར་གཡུ་མཚོ་དང་། རྟ་སྒོ་གངས་རི། ཞང་ཞུང་རྒྱལ་ཁབ་ཀྱི་རྗེས་ཤུལ་སོགས་ཡོད།
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།
འདི་ནི་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན།