འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་28ཉིན།

༄༅༎བོད་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་28ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།
     མིག་སྔར། བོད་ཀྱི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་99.8%དང་སྒྲིག་ཁོངས་གྲོང་ཚོ་99.9%ལ་གཞུང་ལམ་ཤར་གཏོང་ཐུབ་པ། ཤང་གྲོང་86.4%དང་སྒྲིག་ཁོངས་གྲོང་ཚོ་61.4%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། 2020ལོའི་ཟླ་8ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་སུ་ཁྱོན་རྫོང་(ཆུས)74དང་། ཤང་གྲོང་476 སྒྲིག་ཁོངས་གྲོང་ཚོ་2050བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས“འདི་ལོའི་ཟླ་9པའི་ཟླ་མཇུག་གོང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི”དམིགས་ཚད་ལས་འགན་ཟླ་གཅིག་ལྷག་ཙམ་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ནི་ས་ཁྱོན་ཆེ་ཞིང་དཔལ་འབྱོར་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་རང་བྱུང་གི་ཆ་རྐྱེན་རྙོག་འཛིང་ཆེན་པོ་ཡོད། 2015ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་སུ་ད་དུང་རྫོང་གྲོང་9ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་མེད་ལ། ཤང་དང་གྲོང་རྡལ་2དང་སྒྲིག་ཁོངས་གྲོང་ཚོ་230ལ་གཞུང་ལམ་ཤར་གཏོང་ཐུབ་མེད། ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་དེ་45.9%དང་16.8%ལས་ཟིན་གྱི་མེད། ལོ་ལྔ་ཡི་རིང་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་དང་རྒྱས་སྐྲུན་བྱས་ཤིང་། གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་8.6ཟིན་པའི་ནང་རྫོང་གི་གཞུང་ལམ་སྤྱི་ལེ་ཁྲི་1.89དང་། ཤང་གི་གཞུང་ལམ་སྤྱི་ལེ་ཁྲི་1.23 གྲོང་ཚོའི་གཞུང་ལམ་སྤྱི་ལེ་ཁྲི་3.89 ཆེད་སྤྱོད་གཞུང་ལམ་སྤྱི་ལེ་ཁྲི་1.59བཅས་ཟིན་པ་དང་། རིམ་ལྡན་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་6.94ཟིན་པ་དེས་80.6%བཟུང་ཡོད།