འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་28ཉིན།

༄༅༎ལྷ་སའི་ལས་རིགས་སློབ་གསོས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་28ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། གསར་འགོད་པས་ལྷ་སའི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་དབུལ་སྒྲོལ་ལ་རམ་འདེགས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་མེ་སྟག་རྣམ་གྲངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་སྣེ་ཁྲིད་པ་དང་། གྲོང་ཚོའི་ལས་བྱེད་པའི་སློབ་རྒྱུས་མཐོར་གཏོང་། ཡུལ་སྐོར་ལས་རིགས་ཀྱི་ལས་མིའི་གསོ་སྦྱོང་སོགས་ཀྱི་འཛིན་གྲྭ་བཙུཌ་ནས་མི་2760གསོ་སྦྱོང་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་རྣམ་གྲངས་སྤེལ་ནས་མི་506བསྡུས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི“གཉིས་ལུས་སློབ་མ”(དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་སློབ་རིམ་འཕར་མེད་པ)མི་699ལ་གསོ་ཚགས་ལག་རྩལ་དང་། མ་བྱན། མགྲོན་ཁང་གི་ཞབས་འདེགས། ཁ་ལོ་བ། ལས་གཏོད་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་མི་565ལས་ཞུགས་ཐུབ་པ་རེད།
     ལྷ་ས་ལས་རིགས་སློབ་གྲྭ་དང་པོས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་ཀྱི་ཆེད་ལས་རིགས་27བཙུགས་པ་དང་། ལྷ་ས་ལས་རིགས་སློབ་གྲྭ་གཉིས་པས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཡུལ་སྐོར་ཞབས་འདེགས་དང་དོ་དམ། ཟོག་འགྲེམས་ཞབས་འདེགས་དང་དོ་དམ། མི་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོ་སོགས་ཀྱི་ཆེད་ལས་30བཙུགས་པ་རེད། སློབ་གྲྭ་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་། ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་འདོམས་ཅུས། ཡུལ་སྐོར་ཅུས། ཚན་རྩལ་ཅུས་སོགས་སྡེ་ཚན་དང་མཉམ་ལས་བྱས་ཏེ་ཐོན་སློབ་གཞི་གཅིག་གི་ཕྱོགས་བསྡུས་རང་བཞིན་གྱི་ལག་ལེན་རྟེན་གཞི་བསྐྲུན་པ་དང་། ཁྱད་ལྡན་ཐོན་ལས་རྟེན་གཞི་དང་ཀུང་སི་ཁག་དང་མཉམ་ལས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ལྕག་སྐུལ་བྱ་ཆེད། རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བ་རེད།