འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་27ཉིན།

༄༅།།བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོས་ངར་མི་ཚེའི་གསོན་
ཤུགས་སྦྱིན་བྱུང་ཞེས་བཤད།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་27ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོས་ངར་མི་ཚེའི་གསོན་
ཤུགས་སྦྱིན་བྱུང་ཞེས་བཤད།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་རུ་སྤེལ་བའི་“ལན་ཆིའུ་སྤོ་ལོས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བསྒྱུར་”ཅེས་པའི་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གི་སྤྱི་ཕན་བྱེད་སྒོའི་ཐོག བོད་ལྗོངས་ཀྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གི་བུད་མེད་རུ་མི་བདེ་གཡང་གིས། རྐུབ་སྟེགས་འཁོར་ལོ་ཅན་ཐོག་བསྡད་ནས་འགྲན་རར་འཕྲོག་རྩོད་བྱེད་སྐབས། གཤོག་རྩལ་ངོམ་ནས་འཕུར་ལྡིང་བྱེད་པའི་སྣང་བ་ཞིག་འདུག་ཅེས་བཤད།
   དེ་ཉིན། བོད་ལྗོངས་ཀྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོ་རུ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོ་རུ་ཁག་གིས་མཛའ་གྲོགས་འགྲན་བསྡུར་ཞིག་སྤེལ་བ་རེད། འགྲན་བསྡུར་འགོ་ཚུགས་པ་དང་བསྟུན། ཕྱོགས་གཉིས་ཀྱི་རུ་མིས་རྐུབ་སྟེགས་འཁོར་ལོ་འདེད་ནས་རྒོལ་སྲུང་གི་རྣམ་པའི་ངང་རང་གནས་སུ་བསྡད། རྒོལ་མཁན་ཕྱོགས་ཀྱི་རུ་མིས་འཁོར་ལོ་འདེད་དེ་སྤོ་ལོ་འཁྱེར་བ་དང་། སྲུང་མཁན་ཕྱོགས་ཀྱིས་ཉེ་བར་བཅར་ནས་འགོག་པ་དང་། སྤོ་ལོ་བརྒྱུད་སྤྲོད་བྱེད་པ་བཅས་ཕྱོགས་གཉིས་དབར་ཕན་ཚུན་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།  
   འགྲན་བསྡུར་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱི་རུ་མིའི་ངོ་གདོང་ལས་འཛུམ་གྱིས་ཁེངས་ཤིང་། ཚང་མས་ཕྱོགས་གཅིག་ནས་ལག་པ་གཏོང་རེས་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཕན་ཚུན་སྤོ་ལོ་ཡག་པོ་རྒྱག་གི་འདུག་ཅེས་བསྔགས་བརྗོད་བྱས། “འགྲན་རའི་ཐོག་འགྲན་བསྡུར་འཁྲུག་པོ་བྱས་ནའང་། རྒྱལ་ཁ་ཐོབ་རྒྱུ་ནི་གལ་འགངས་ཆེན་པོ་མིན་”    བདེ་གཡང་གིས། རུ་མི་ཚང་མ་ཆེད་ལས་ལུས་རྩལ་པ་མིན་། དེའི་ནང་དྲུང་ཡིག་དང་། ཐང་ག་འབྲི་མཁན། ད་དུང་སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་ཡོད་ཅིང་། “རྒྱུན་འཁྱོངས་དང་དགའ་ཞེན་ནི་འཚོ་བར་སྔར་བས་ཡིད་ཆེས་ལྡན་པའི་”ཆེད་ཡིན་ཞེས་བཤད།
   བཙུགས་མ་ཐག་ཡིན་པའི་བོད་ལྗོངས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་ནང་ཞུགས་པ་རེད། ལོ་དེར་ཁོ་མོ་ལོ་15ཡིན་པས་རུ་ཁག་ནང་ལོ་ན་ཆུང་ཤོས་ཡིན་པ་རེད།“ལན་ཆིའུ་སྤོ་ལོ་རྒྱག་མཁན་བུ་མོ་རྣམས་ཧ་ཅང་མཛེས་པོ་འདུག  རང་ཉིད་ཀྱང་སྟོབས་ཇེ་ཆེར་ཕྱིན་པ་མཐོང་སྐབས་།  ངའི་མི་ཚེར་ཡིད་ཆེས་ཀྱིས་ཁེངས་བྱུང་”ཞེས་བཤད།
   རང་གཤིས་སྤྲོ་སྣང་ལྡན་པའི་བདེ་གཡང་དང་མི་འདྲ་བ་ནི་ལོ་33ལ་སླེབས་པའི་ཅོ་ནེ་ཡིན། ཁོང་ལོ་11གོང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་རྐྱེན་པས་དབང་པོ་སྐྱོན་ཅན་དུ་འགྱུར། “སྐབས་དེར་ང་སློབ་ཆེན་འགྲིམ་བཞིན་ཡོད།  དེའི་སྐབས་གནམ་བརྡིབས་པ་ལྟར་གྱི་སྐྱོ་སྣང་སྐྱེས་བྱུང་།  2012ལོར་སྐྱོ་སྣང་ལས་ཐར་བའི་ཅོ་ནེ་ཡིས་རང་བརྟེན་ལས་གཏོད་བྱེད་འགོ་ཚུགས། འོན་ཀྱང་དབང་པོ་སྐྱོན་ཅན་ཡིན་པའི་ཁོང་ལ་རང་གིས་རང་ལ་མཐོང་ཆུང་བྱེད་པའི་བསམ་པ་ཞིག་སྐྱེས། དེ་ནས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོ་དང་འཕྲད་པས།“སྤོ་ལོ་ཐེངས་ཤིག་་བརྒྱབ་རྗེས་ལུས་སེམས་ཀྱི་གནོན་ཤུགས་ཚང་མ་མེད་པར་འགྱུར།”
   བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཀུང་ཏེ་མིན་གྱིས། བོད་ལྗོངས་ཀྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མིས་ལུས་རྩལ་ལ་བརྟེན་ནས་འཚོ་བར་སྤྲོ་སེམས་ལྡན་པ་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་། རང་ཡིད་རང་ཆེས། རང་སྟོབས་རང་སྤེལ། རང་མགོ་ཐོན་པ་བཅས་ལ་མིག་དཔེ་བསྟན་ཡོད། སླད་ཕྱིན་རུ་ཁག་གཉིས་བོད་ལྗོངས་ནས་ཐོག་མར་ཐོན་ཏེ་ཀྲུང་གོའི་སྐབས་བཅུ་གཅིག་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བརྒྱད་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ཡིན་པ་རེད།
༄༅།།བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པས་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོས་ངར་མི་ཚེའི་གསོན་
ཤུགས་སྦྱིན་བྱུང་ཞེས་བཤད།