འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་26ཉིན།

༄༅༎མཚོ་བོད་ལྕགས་ལམ་གྱི་སྐོར་གཡེང་དཔོན་དམག་ཚོས་གཟའ་མཇུག་ཏུ་ལས་གནས་བརྟན་པོར་བསྲུངས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་26ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
2020ལོའི་ཟླ་8ཚེས་23ཉིན། སྐོར་གཡེང་དཔོན་དམག་ཚོས་རི་རྩེ་ནས་མཉམ་དུ་སྐད་རྒྱག་བཞིན་པ།
2020ལོའི་ཟླ་8ཚེས་23ཉིན། སྐོར་གཡེང་དཔོན་དམག་ཚོས་རི་རྩེ་ནས་མཉམ་དུ་སྐད་རྒྱག་བཞིན་པ།
     མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་ལམ་གྱི་ཤར་ནས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དང་ནུབ་ཏུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བར་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་ཞིག་རེད་ལ། རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་འཐབ་ཇུས་འགྲིམ་འགྲུལ་གྱི་ལྟེ་བ་ཞིག་ཀྱང་རེད། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ལོ་འཁོར་མོ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་ཁུ་ཁུ་ཤིས་རིའི་མི་མེད་ལུང་སྟོང་ཁུལ་དུ་བཅའ་སྡོད་བྱས་ནས་མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད། མི་མེད་ལུང་སྟོང་ཁུལ་དེའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་ལ་ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཟིན་པ་དང་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ནང་སའི་40%ལས་མེད། དཔོན་དམག་ཚོས་མཐོ་གྲང་དང་གསོ་རླུང་མི་འདང་བའི་དཀའ་ངལ་ཁྱད་བསད་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱས་ནས་ལྷག་བསམ་དང་། ལེགས་སྐྱེསའབུལ་བ། འགན་འཁྲི་འཁུར་བ་བཅས་ཀྱི་སྒོ་ནས་མི་མེད་ལུང་སྟོང་ཁུལ་དུ་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད། ལོ་14རིང་མེ་འཁོར་ཐེངས་ཁྲི་14ཙམ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་དང་ལས་སྒྲུབ་ཀྱི་ལས་འཛོལ་ཐེངས་གཅིག་ཀྱང་ཐོན་མྱོང་མེད་པ་རེད།
2020ལོའི་ཟླ་8ཚེས་23ཉིན། ཧྲང་ཧྲེ་དམག་མི་ལུའུ་ཅུན་གྱིས་ངལ་གསོའི་རིང་རང་ཉིད་ཀྱི་དགའ་རོགས་དང་བརྙན་ལམ་ནས་སྐད་ཆ་ཤོད་པའི་སྐབས་འཐབ་གྲོགས་ཚོས་ཁོང་གི་དགའ་རོགས་ལ་མེ་ཏོག་ཕུལ་བ།
2020ལོའི་ཟླ་8ཚེས་23ཉིན། ཧྲང་ཧྲེ་དམག་མི་ལུའུ་ཅུན་གྱིས་ངལ་གསོའི་རིང་རང་ཉིད་ཀྱི་དགའ་རོགས་དང་བརྙན་ལམ་ནས་སྐད་ཆ་ཤོད་པའི་སྐབས་འཐབ་གྲོགས་ཚོས་ཁོང་གི་དགའ་རོགས་ལ་མེ་ཏོག་ཕུལ་བ།