འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་24ཉིན།

༄༅།།“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་-2020”དང་“དམག་དཔུང་-2020”ཡི་གླེང་སྟེགས་
འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་24ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་-2020”དང་“དམག་དཔུང་-2020”ཡི་གླེང་སྟེགས་
འགོ་ཚུགས་པ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་23ཉིན། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་-2020”དང་“དམག་དཔུང་-2020”ཡི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་ཚེས་23ཉིན་མོ་སི་ཁོའི་གྲོང་ཁྲེར་ཉེ་འཁོར་གྱི་“རྒྱལ་གཅེས་པ”ཞེས་པའི་སྤྱི་གླིང་དུ་སྤེལ་བ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་ཐོག་ནས་གསུངས་བཤད་གནང་དོན། ཐེངས་འདིའི་འགྲན་བསྡུར་དང་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་དབར་རྒྱལ་སྲུང་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད་ཡོད།  
    ཕུའུ་ཅིང་གིས། “ང་ཚོའི་སྐུ་མགྲོན་གྱིས་ཨ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་ནུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྲུང་བཟོས་ལས་ཀྱི་གྲུབ་འབྲས་གསར་ཤོས་དང་དེ་བཞིན་འགྲུབ་འབྲས་ཐོབ་པའི་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་བཅས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཡོད།”“དམག་དཔུང་-2020”ཡི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་མཉམ་ལས་སྤེལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
    ཕུའུ་ཅིང་གིས། བདེ་འཇགས་དང་དམག་དོན་ལག་རྩལ་མཉམ་ལས་ཕྱོགས་ནས་ཡིད་ཆེས་ཀྱི་འབྲེལ་བ་བཙུགས་པ་དེ་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་ཇུས་གཞི་འཚོལ་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་མང་རིང་། རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་གྱིས་ཕན་ཚུན་གྱི་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་དང་མཛའ་བརྩེའི་ངང་ཉམས་མྱོང་སྤེལ་རེས་བྱེད་པར་ཕན་ཐོགས་ཡོང་རྒྱུར་གཞོལ་བཞིན་ཡོད། གལ་ཆེ་བ་ཞིག་ནི། རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་སྤེལ་བ་དེས་རྒྱལ་ཁབ་དབར་དང་། མི་དམངས་དབར་ཞི་བདེ་མཉམ་གནས་དང་། ཕན་ཚུན་བསམ་ཤེས་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
    ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་གིས་གཏམ་བཤད་སྤེལ་ནས། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་-2020”ཡིས་འགྲན་ཞུགས་རུ་མི་དང་དེ་བཞིན་ལྟད་མོ་བར་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་རྒྱུ་དང་། “དམག་དཔུང་-2020”ཡི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱིས་མཉམ་ལས་རྣམ་གྲངས་སྔར་ལས་མང་བ་སྤེལ་ནས་རྒྱལ་སྤྱིའི་དམག་དོན་ལག་རྩལ་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ལས་སྟེགས་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།  
    སྨི་ཧྲུའུ་སི་ཅིང་གིས། ཨུ་རུ་སུའི་རྒྱལ་སྲུང་བཟོ་ལས་ཀྱིས་འགྲུབ་འབྲས་ཐོབ་པའི་ངང་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་ནུས་པའི་དགོས་མཁོ་འགན་སྲུང་བྱས་ཡོད་པ་མ་ཟད། ཚན་རྩལ་མཐོ་བའི་དམག་དོན་ཐོན་རྫས་ཕྱི་གཏོང་ལ་ཤུགས་སྣོན་རྒྱབ་ཡོད། ཨུ་རུ་སུའི་དམག་དོན་ཐོན་རྫས་ཀྱིས་འགྲན་རྩོད་དྲག་པོར་ཕྱོགས་པའི་ནུས་པ་ཡོད་ཅེས་བརྗོད་པ་རེད།
   རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ནི་ཨུ་རུ་སུའི་རྒྱལ་སྲུང་པུས་བཏོན་པ་དང་། དུས་ཡུན་ལོ་7རིང་གི་འཕེལ་རྒྱུས་བརྒྱུད། རིམ་བཞིན་ཚད་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དང་། སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ངེས་ཅན་ལྡན་པའི་སྒོ་དབྱེ་རྣམ་པའི་རྒྱལ་སྤྱིའི་དམག་དོན་སྤེལ་རེས་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད།
    “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར-2020”ཟླ་8ཚེས་23ཉིན་ནས་ཟླ་9ཚེས་5ཉིན་བར་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། ཨར་མེ་ཉི་ཡ། ཨ་ཟེར་བྷེ་ཇན། ཨུ་ཟ་བྷེ་ཁི་སི་ཐན་བཅས་སུ་གཉེར་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་156འགྲན་བསྡུར་ནང་ཞུགས་རྒྱུ་དང་། འགྲན་ཞུགས་རུ་མི་5000ལས་བརྒལ་ཡོད་། ཀྲུང་གོས་ཁྱོན་འགྲན་ཞུགས་རུ་ཁག་6མངགས་པ་དང་། དཔོན་དམག་260ལྷག་ཙམ་གྱིས་“ཐན་ཁེའི་རྣམ་གྲངས་གཉིས”དང་། “བདེ་འཇགས་ཁོར་ཡུག”“རླངས་འཁོར་གཏོང་མཁས་པ”“མྱུལ་ཞིབ་རྩེར་སོན་དམག”“རྒྱ་ཆེ་བའི་ཆུ་ཁོངས”“མཁའ་འཆོང་ཕེ་ཤོག་”བཅས་རྣམ་གྲངས་6གི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།
   “དམག་དཔུང་-2020”ཡི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཟླ་8ཚེས་23ཉིན་ནས་ཟླ་8ཚེས་29ཉིན་བར“རྒྱལ་གཅེས་པ”ཞེས་པའི་སྤྱི་གླིང་དང་ཁུའུ་པིན་གཱ་གནམ་ཐང་སོགས་ས་ཆ་མང་པོར་གཉེར་རྒྱུ་ཡིན་པ་རེད། རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་ནས་ཡོང་བའི་ཁེ་ལས་1500ལྷག་ཙམ་གྱིས་ཚོགས་འདུར་ཞུགས་རྒྱུ་རེད།  
【1】  【2】
༄༅།།“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་-2020”དང་“དམག་དཔུང་-2020”ཡི་གླེང་སྟེགས་
འགོ་ཚུགས་པ།