འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་21ཉིན།

༄༅།།བདེ་ཆེན་གྱིས་སློབ་སྦྱོང་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ཞེས་པའི་སློབ་སྦྱོང་འགྲན་
བསྡུར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་21ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་གྱིས་སྐབས་དང་པོའི་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ཞེས་པའི་སློབ་སྦྱོང་འགྲན་བསྡུར་གྱི་བདེ་ཆེན་འགྲན་ཁུལ་དེ་སེམས་ཀྱི་ཉི་ཟླ་རུ་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད། རྫོང་གསུམ་དང་གྲོང་ཁྱེར། ཁུལ་ཨུ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། ཁུལ་སློབ་གསོ་ལས་དོན་ཨུ་ལྷན། ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན་བཅས་ནས་ཡོང་བའི་བདམས་ཐོན་པ19ཡིས་ཡུལ་དངོས་སུ་ཡིག་རྒྱུགས་བཏང་བ་དང་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ཞེས་པའི་ལས་སྟེགས་ལ་འགྲན་སློང་གི་དྲིས་ལན་འདེབས་སྟངས་བཅས་རིགས་གཉིས་སྤྱད་དེ་འགྲན་བསྡུར་བྱས། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཐར་ཞའོ་ཀྲི་ཚའེ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།ལི་ཝེ་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཧའོ་ལི་ཝེ་དང་ཧའོ་ཚན་མེ། ཧྲན་ཚུང་ཡིང་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། ཨང་རིམ་མདུན་གྲལ་གྱི་བདམས་ཐོན་པ་5ཡིས་རང་ཁུལ་གྱི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། །