འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་17ཉིན།

༄༅།།ད་ལྟ་ཡོད་པའི་ལོ་ན་ཆེ་ཤོས་ཀྱི་དོམ་ཁྲ་“ཤིན་ཤིང་”ལ་ལོ་38ཀྱི་སྐྱེས་སྐར་བཏང་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་17ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ད་ལྟ་ཡོད་པའི་ལོ་ན་ཆེ་ཤོས་ཀྱི་དོམ་ཁྲ་“ཤིན་ཤིང་”ལ་ལོ་38ཀྱི་སྐྱེས་སྐར་བཏང་བ།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཁྲུང་ཆིང་སྲོག་ཆགས་གླིང་གིས་འཛམ་གླིང་ཐོག་ད་ཡོད་ལོ་ན་ཆེ་ཤོས་ཀྱི་དོམ་ཁྲ་མོ“ཤིན་ཤིང་”ལ་སྐྱེས་སྐར་བཏང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དོམ་ཁྲ་ལོ་1ལ་སླེབས་པའི་ཆེ་ཆུང་དེ་མི་ལོ་3ནས་4བར་གྱི་ཆེ་ཆུང་དང་མཚུངས་ཀྱི་ཡོད་པ་རེད། ལོ་38ཡིན་པའི་“ཤིན་ཤིང་”མི་ལོ་110ནས་140ལ་སླེབས་པ་དང་འདྲ་བོ་ཡོད།
 དོམ་ཁྲ་“ཤིན་ཤིང་”ནི་1983ལོར་ཁྲུང་ཆིང་སྲོག་ཆགས་གླིང་དུ་སླེབས་པ་དང་། 2019ལོའི་ལོ་མཇུག་བར། “ཤིན་ཤིང་”ལ་རྗེས་རབས་153བྱུང་བ་དང་། ད་ལྟ་125འཚོ་བཞིན་ཡོད་པ་དང་ཁོ་ཚོ་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ལ་བསྡད་ཡོད།
    དོམ་ཁྲའི་རིགས་ནང་གི་“ལོ་བརྒྱ་སོན་པའི་རྨོ་བོ”ཆགས་ཡོད་མོད། ཡིན་ནའང་། “ཤིན་ཤིང་”གིས་སྨྱུག་མ་ཟ་རྒྱུར་སྔར་བཞིན་དགའ་པོ་བྱེད་ཀྱི་ཡོད། ཁྲུང་ཆིང་སྲོག་ཆགས་གླིང་གི་མཐོ་རིམ་དོམ་ཁྲ་གསོ་མཁན་དང་། དོམ་ཁྲའི་ལག་རྩལ་གཙོ་འགན་འཁུར་མཁན་དབྱི་ཡན་ཆང་གིས། ལོ་ན་ཇེ་ཆེར་འགྲོ་བ་དང་བསྟུན། “ཤིན་ཤིང་”གི་སོ་བརྡར་ཟད་ཚབས་ཆེན་ཤོར་ཡོད་པས་“དེའི་ཕྱིར་ད་ལྟ་‘ཤིན་ཤིང་’གི་ཟས་གཙོ་བོ་གླིང་ནང་གི་དོམ་ཁྲ་གཞན་དང་འདྲ་གི་མེད་པར་སྨྱུག་རྩ་གཙོ་བོར་བྱེད་ཀྱི་ཡོད། སྨྱུ་ལོ་དང་གཟན་ཆག་སྤུས་ལེགས་ནི་ཁོའི་‘ཞོར་ཟས’རེད་ཅེས་བཤད། ” དབྱི་ཡན་ཆང་གིས། “ཤིན་ཤིང་”གིས་ཟ་བའི་སྨྱུག་ལོ་ནི་མིས་བདམས་གསེས་དང་། གཙང་འཁྲུད། ཞིབ་མོར་བཟོས་རྗེས་གཞི་ནས་སྟེར་གྱི་ཡོད། སྨྱུག་རྩ་ཡང་ཕྱི་ལྤགས་བཤུས་རྗེས་ཟ་རུ་བཅུག་གི་ཡོད་ཅེས་བཤད།
    དབྱི་ཡན་ཆང་གིས། ‘ཤིན་ཤིང་’ཚེ་རིང་བ་ནི་གཞི་རྒྱུ་དང་། གཤིས་ཀ ལུས་རྩལ་སོགས་ཀྱི་རྒྱུ་རྐྱེན་ཕུད། ད་དུང་ཧ་ཅང་གལ་ཆེ་བ་ཞིག་ནི་ཚན་རིག་དང་མཐུན་པའི་ཟས་སྟེར་བ་དེ་རེད། ད་ཡོད་ཀྱི་ལོ་ན་ཆེ་ཤོས་ཀྱི་ཚང་གསོས་དོམ་ཁྲ་སྟེ། ‘ཤིན་ཤིང་’ལ་དོན་ཁྲ་གསོ་མཁན་རྣམས་ཀྱིས་ཞིབ་ཚགས་ཀྱི་ལྟ་སྐྱོང་བྱེདབཞིན་ཡོད།
   “‘ཤིན་ཤིང་‘གསོ་སྟངས་ཐད་།  མི་སྣ་བཀོད་སྒྲིག་དང་།  གཟན་ཆག་སྦྱོར་རྟ་བཅས་ཚང་མར་ང་ཚོས་ཞིབ་ཚགས་ཅན་གྱི་བྱ་ཐབས་སྤྱད་ཡོད། དེའི་ཁྲོད་དུ། གཟན་ཆག་སྦྱོར་རྟ་ནི་‘ཤིས་ཤིང་’གི་གཟུགས་པོའི་གནས་ཚུལ་དང་སེམས་ཁམས་ཀྱི་གནས་ཚུལ་ལ་བལྟས་ནས་ཐག་བཅད་ཀྱི་ཡོད་པ་རེད། ཁོའི་བཟའ་འཐུང་དུས་དང་བསྟུན་ནས་སྙོམས་སྒྲིག་བྱེད་ཀྱི་ཡོད།”ཅེས་དང་དབྱི་ཡན་ཆང་གིས་གསར་འགོད་པར་སྤྱིར་བཏང་གི་གནས་ཚུལ་འོག “ཤིས་ཤིང་”གིས་ཉིན་རེའི་སྔ་དྲོར་ཟ་མ་ཐེངས་3ཟ་བ་དང་། ཕྱི་དྲོར་ཟ་མ་ཐེངས་2ནས་ཐེངས་3བར་ཟ་ཡི་ཡོད། དགོང་མོར་ད་དུང་སྨྱུག་རྩ་དང་དགོང་ཟས་ཡོད།  “ཤིན་ཤིང་”གི་ལྟ་སྐྱོང་ཐད་སྤྱི་བཏང་དོམ་ཁྲ་གསོ་སྐྱོང་བ་3ནས་4བར་བཀོད་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་སྲོག་ཆགས་གླིང་གིས་གཟའ་འཁོར་རེར“ཤིན་ཤིང་”ལ་ཁྲག་ཤེད་འཇལ་བ་དང་། སོར་བརྟག་དཔྱད་བྱེད་ཀྱི་ཡོད་ལ་ཟླ་རེར་ལུས་པོའི་ལྗིད་ཚད་འཇལ་གྱི་ཡོད། “དོམ་ཁྲའི་ཚད་གཞི་གཙོ་བོ་ཚང་མ་ཡག་པོ་ཡོད་ཅིང་། ལུས་པོའི་ལྗིད་ཚད་ནི་སྤྱི་རྒྱ་95ནས་100བར་ཚོད་འཛིན་བྱེད་བཞིན་ཡོད། ལོ་ཚད་ནས་བཤད་ན། འདི་ནི་འོས་ཤིང་འཚམ་པའི་ལུས་པོའི་ལྗིད་ཚད་ཅིག་རེད། ”དབྱི་ཡན་ཆང་གིས། སྲོག་ཆགས་གླིང་གིས་ལོ་རེར་“ཤིན་ཤིང་”ལ་ཁྱོན་ཡོངས་ནས་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་བྱེད་པ་དང་།  ཁྲག་དང་། མཆིན་པ། མཁལ་མ་སོགས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པས་།  “མིག་སྔར། ‘ཤིས་ཤིང་’གི་མིག་ཤུགས་ཅུང་དམའ་པོ་ཡོད་པ་ལས། ཐོས་ཚོར་དང་དྲི་ཚོར་སྔར་བཞིན་རྣལ་པོ་ཡོད། ”