འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་17ཉིན།

༄༅།།མཁའ་འགྲུལ་ཞབས་ཞུ་མ་སྒྲོལ་མའི་གཏམ་རྒྱུད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་17ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཁའ་འགྲུལ་ཞབས་ཞུ་མ་སྒྲོལ་མའི་གཏམ་རྒྱུད།
    མི་དམངས་དྲ་བའི་འཕྲིན། རི་ཁུལ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ནས་ཡོང་བའི་བུ་མོ་སྐལ་བཟང་སྒྲོལ་མས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སློབ་ཆེན་ལ་རྒྱུགས་འཕྲོད་ཅིང་དབུལ་སྐྱོར་དང་ལེན་བྱས་པར་བརྒྱུད། གོམ་པ་རེ་རེ་བཞིན་རི་ཁུལ་ནས་ཕྱི་ལ་ཐོན་ཞིང་མཁའ་འགྲུལ་ཞབས་ཞུ་མ་ཞིག་ཏུ་གྱུར་ཏེ། དབུལ་ཕོངས་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བ་རེད། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བུ་མོ་སྐལ་བཟང་སྒྲོལ་མས་གསར་འགོད་པ་ལ་གནད་སྨིན་དབུལ་སྐྱོར་ལ་བརྟེན་ནས་འཚར་ལོངས་བྱུང་བའི་གཏམ་རྒྱུད་བཤད་བྱུང་། 
    སྒྲོལ་མ་ཚང་ནི་རྒྱལ་ཐང་ནས་ཡིན་པ་དང་། གནས་འདིའི་ཡུལ་ལྗོངས་མཛེས་ཤིང་ཡུལ་མི་རྣམས་གཞུང་དྲང་ལ་བབ་ཆགས་ཡིན། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ཐོན་ཁུངས་ཚད་ཡོད་པའི་རྐྱེན་གྱིས། མཛེས་ལྗོངས་དང་ལྡོག་ཏུ་གནས་པ་ནི་ཕ་ཡུལ་གྱི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དེ་རེད། 
   2014ལོར། སྒྲོལ་མས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་ལྗོངས་སློབ་ཆེན་ལ་རྒྱུགས་འཕྲོད་པ་རེད། ཁྱིམ་ཚང་མང་ཆེ་བ་ལ་མཚོན་ན། འདི་ནི་བཀྲ་ཤིས་པའི་དོན་བཟང་ཞིག་ཡིན་ནའང་། བརྡ་ཐོ་འབྱོར་བའི་མཚན་མོ་དེར་ཁོང་ཚང་ལ་སེམས་ཁྲལ་སྐྱེས་པ་རེད། སྒྲོལ་མའི་ཕ་མ་གཉིས་ཀས་ཁྱིམ་དུ་ཞིང་ལས་བྱེད་བཞིན་ཡོད། ཁྱིམ་དུ་ད་དུང་ལོ་80ལྷག་ཟིན་པའི་ཨ་མྱེ་དང་ཨ་ཕྱི་ཡོད་ཅིང་། འཚོ་བ་ཧ་ཅང་སྐྱོ་བོ་ཡིན། སྒྲོལ་མས་སློབ་སྦྱོང་ཆད་མེད་དུ་བྱ་ཐུབ་ཆེད། ཨ་ཅེ་སློབ་འབྲིང་མཐར་ཕྱིན་རྗེས་ཕྱི་རོལ་ཏུ་ཞོར་ལས་ལ་ཕྱིན་པ་རེད། ཆ་རྐྱེན་འདི་འདྲ་ཞིག་ལ་བརྟེན་ནས་སྒྲོལ་མའི་སློབ་ཆེན་གྱི་འགྲོ་སོང་ཚང་མ་འགན་འཁུར་དགོས་ན་ཧ་ཅང་དཀའ་མོ་རེད། 
    2015ལོར། སྐལ་བཟང་སྒྲོལ་མའི་ཁྱིམ་ནི་ཡིག་ཚགས་དང་ཁཱ་བཟོ་བའི་དུད་ཁྱིམ་ལ་བདམས་པ་རེད། མོ་རང་སློབ་ཆེན་དུ་འགྲོ་སྐབས་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཚད་ཡོད་ཀུང་སི(གཤམ་དུ་བསྡུས་མིང་“ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སི”འབྲི་རྒྱུ)ཡི་དབུལ་སྐྱོར་ལས་བྱེད་པ་ཁོང་ཚང་ལ་སླེབས་པ་དང་། ཁོང་ཚང་གི་གནས་ཚུལ་ལ་ཤེས་རྟོགས་བྱུང་རྗེས། སྐལ་བཟང་སྒྲོལ་མ་ལ་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད། 
    2018ལོར། སྐལ་བཟང་སྒྲོལ་མ་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ལས་ཀ་འཚོལ་བའི་དཀའ་ངལ་ལ་ཐུག་པ་རེད། 2018ལོའི་ཟླ་10ཚེས་26ཉིན། ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སིའི་དབུལ་སྐྱོར་ལས་བྱེད་པ་ཝང་ཀྲི་ཡིང་སྒྲོལ་མའི་ཁྱིམ་དུ་ཡོང་བ་དང་། མོ་རང་ལ“སྒྲོལ་མ། ང་ཚོའི་ཀུང་སིས་མཁའ་འགྲུལ་ཞབས་ཞུ་མ་བསྡུ་བཞིན་འདུག ཁྱེད་རང་གིས་ཚོད་ལྟ་ཅིག་བྱོས”ཟེར། དེ་འདྲའི་ཡིད་ཆེས་བརྟན་པོ་མེད་ཀྱང་། ཝང་ཀྲི་ཡིང་གིས་སྐུལ་འདེབས་འོག སྒྲོལ་མས་མིང་ཐོ་བཀོད་པ་རེད།
    ངོ་རྒྱུགས་ལེན་པའི་ཉིན་དེར། སྒྲོལ་མས་ལས་བྱེད་མི་སྣས་གཡར་བའི་ལས་གོས་གྱོན་ཞིང་། བདེ་བླག་ངང་ངོ་རྒྱུགས་འཕྲོད་པ་རེད། མོ་རང་གིས“རྒྱུགས་སྤྲོད་དུས། རང་ཉིད་ལ་སེམས་ཁུར་བྱེད་མཁན་དང་རོགས་སྐྱོར་བྱེད་མཁན་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཆེད་དུ། ངས་རང་ནུས་ཡོད་ཚད་ཀྱིས་རང་ཉིད་ཀྱི་ཆེས་བཟང་བའི་རྣམ་འགྱུར་ཐོག་ནས་རྒྱུགས་སྤྲོད་དགོས་སྙམ་པ་ཡིན”ཟེར།
   ཨ་མྱེ་དང་ཨ་ཕྱིས་སྒྲོལ་མའི་ལས་ཀ་ནི་ནམ་མཁའ་རུ་འཕུར་དགོས་པ་ཤེས་རྗེས། དུས་རྒྱུན་དུ་སྒོ་རའི་ནང་གི་རྐུབ་སྟེགས་ཐོག་ལ་བསྡད་ནས་ནམ་མཁའ་ནས་གནམ་གྲུ་འཕུར་བ་ལ་ལྟ་བཞིན་ཡོད།
༄༅།།མཁའ་འགྲུལ་ཞབས་ཞུ་མ་སྒྲོལ་མའི་གཏམ་རྒྱུད།