འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅།།ཀན་སུའུ་ཀླུ་ཆུའི་དབྱར་གཞུང་གི་རྩྭ་ཐང་མཛེས་ཤིང་རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀན་སུའུ་ཀླུ་ཆུའི་དབྱར་གཞུང་གི་རྩྭ་ཐང་མཛེས་ཤིང་རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། 2020ལོའི་ཀྲུང་གོའི་ཀླུ་ཆུའི་སྐོར་བྲོ་འགྲེམས་འཁྲབ་དང་ཀན་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སྐབས་དྲུག་པ་ཀླུ་ཆུ་རྫོང་ཤར་རྩེ་ཐང་མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད།
   ཟླ་བརྒྱད་པའི་ཀླུ་ཆུ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། འགོ་ཚུགས་མཛད་སྒོའི་ཐོག སྐོར་བྲོ་འཁྲབ་མཁན་3000དང་ཡུལ་དེའི་མང་ཚོགས་ཀྱིས་“མི་ཁྲིའི་སྐོར་བྲོ”འཁྲབ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་བཞི་ཡིན་ཞིང་། འབྲོག་པའི་རིག་གནས་འགྲེམས་འཁྲབ་དང་།  ཁུངས་གཅིག་གི་གཙང་ཆུའི་རྩྭ་ཐང་རོལ་དབྱངས་དུས་ཆེན། ལྷ་མོ་འཁྲབ་སྟོན། ལུས་རྩལ་འགྲན་ཚོགས་སོགས་མུ་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། དུས་གཅིག་ཏུ་འཚོགས་པའི་ཀན་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་ཐོག་ཐག་འཐེན་དང་། སྦེ་ག ཟོམ་ནང་ཆུ་ལེན་པ། གཡག་རྒྱུག  མཉམ་སྡེབ་ཀྱི་ཐག་འཐེན་སོགས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་འགྲན་བསྡུར་སྤེལ་ཡོད་པ་རེད།
    ཀན་ལྷོ་ཁུལ་གྱི་རྒྱུན་ཨུ་དང་། ཁུལ་དཔོན་གཞོན་པ་ཧྥོང་ཞའོ་ལིན་གྱིས། ཉེ་བའི་ལོ་ཤས་རིང་། ཀླུ་ཆུ་རྫོང་གིས་མི་མངོན་པའི་ནུས་པ་བསྔོགས་འདོན་བྱས་ནས། ཀླུ་ཆུ་འབབ་རྒྱུད་ཀྱི་དམངས་ཁྲོད་ཀྱི་སྐོར་བྲོའི་རིགས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་པ་དང་། ཧུར་བརྩོན་ཆེན་པོས་རྫོང་དང་གྲོང་ཁྱེར་གཞན་དང་རིམ་པ་མི་འདྲ་བ་དང་། རྣམ་པ་མི་འདྲ་བའི་སྐོར་བྲོ་སློབ་སྦྱོང་དང་སྤེལ་རེས་བྱས་པ་དང་། བསྟུད་མར་རྒྱལ་ཡོངས་རང་བཞིན་གྱི་སྐོར་བྲོ་འགྲེམས་འཁྲབ་བྱེད་སྒོ་སྐབས་བདུན་སྤེལ་ཏེ། “སྐོར་བྲོ་འཁྲབ་སྟོན”གྱི་ལས་སྟེགས་དེར་བརྟེན་ནས། “རིག་གནས”དང་“ཡུལ་སྐོར”མཉམ་དུ་དར་རྒྱས་ཡོང་རྒྱུ་མངོན་འགྱུར་ཡོང་བ་བྱས་པས།  “ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་ཏེ་ཀླུ་ཆུ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གཏོད་རྒྱུ་ལེགས་འགྲུབ་བྱས་ཡོད་པ་རེད།      ཀན་ལྷོ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སྐབས་དྲུག་པ་ནི་ཀན་ལྷོའི་མི་རགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་ཀན་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཡུལ་དངོས་ཀྱི་ཞིབ་དཔྱད་ཐེངས་ཤིག་ཀྱང་ཡིན་པ་མ་ཟད་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་འབྲས་བུ་གཅིག་འདུས་ཐོག་དོན་པ་ཞིག་ཀྱང་ཡིན་ཞེས་བརྗོད།  
   ཀླུ་ཆུ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དམངས་སྲོལ་ཕུན་སུམ་ཚོགས་ལ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀླུ་ཆུའི་སྐོར་བྲོ་ནི་རྩྭ་ཐང་གི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་།  ལོ་རེའི་དབྱར་གཞུང་དུས་ཀྱི་ཀྲུང་གོའི་ཀླུ་ཆུའི་སྐོར་བྲོ་འགྲེམས་འཁྲབ་བྱེད་སྒོ་དེ་ཀླུ་ཆུའི་སྲོལ་རྒྱུན་གྱོན་ཆས་དང་། མི་ཆོས་རིག་གནས་ལོ་རྒྱུས། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ཞིང་ལྗོངས་ལྔའི་ཡུལ་སྐོར་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བཞིན་ཡོད།
【1】  【2】
༄༅།།ཀན་སུའུ་ཀླུ་ཆུའི་དབྱར་གཞུང་གི་རྩྭ་ཐང་མཛེས་ཤིང་རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ།