འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎དྲག་ཆར་བབས་ནས་སི་ཁྲོན་གཡག་རྔ་ནས་མི་ཁྲི་14ལ་གནོད་འཚེ་ཕོག་པས། ནུས་ཤུགས་ཡོད་རྒུས་
ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དྲག་ཆར་བབས་ནས་སི་ཁྲོན་གཡག་རྔ་ནས་མི་ཁྲི་14ལ་གནོད་འཚེ་ཕོག་པས། ནུས་ཤུགས་ཡོད་རྒུས་
ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། གཡག་རྔ་གྲོང་ཁྱེར་གྱི་འཕྲལ་སྡོམ་དོ་དམ་ཅུས་ཀྱི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཟླ་8ཚེས་10ནས་ཚེས་12ཉིན་བར་དྲག་ཆར་བབས་པའི་རྐྱེན་གྱིས་མིག་སྔའི་བར། གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དང་། ཡུས་ཁྲེང་ཆུས་། པའོ་ཤིང་རྫོང་། ཐེན་ཆོན་རྫོང་། ཧྲེ་མེན་རྫོང་། ཡིན་ཅིང་རྫོང་། མིང་ཧྲན་ཁུལ། ཧན་ཡོན་རྫོང་བཅས་ཀྱི་ཁྱོན་ཤང་དང་གྲོང་རྡལ་76ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ནས་མི་7(ལུའུ་ཧྲན་རྫོང་གི་མི་6ཡུས་ཁྲེང་ཆུས་ཀྱི1)རྐྱེན་ལམ་དུ་ཤོར་བ་དང་། མི་7(ཡུས་ཁྲེང་ཆུས་ཀྱི་མི་3དང་། པའོ་ཤིང་རྫོང་གི་མི་2 ཧྲི་མེན་རྫོང་གི་མི་2)གར་སོང་ཆ་མེད་དུ་གྱུར། གནོད་འཚེ་ཕོག་པའི་མི་འབོར་དུད་ཚང་40342དང་མི་143060ཟིན་ཡོད། མི་15590ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་རེད།(མི་13773ཁ་ཐོར་བཀོད་སྒྲིག་བྱས་པ་དང་མི་1817གཅིག་སྡུད་བཀོད་སྒྲིག་བྱས།)
     ཚེས་13ཉིན་གཡག་རྔ་གྲོང་ཁྱེར་ཡོངས་ཀྱིས་སྤྱི་བདེ་དང་། མེ་ཟོན། དྲག་ཆས་ཉེན་རྟོག ཡུལ་དམག་གྲ་སྒྲིག་དམག་ཞབས། ལས་ཁུངས་ཀྱི་ལས་བྱེད་པ། གཞུང་ཁོངས་ཁེ་ལས། སྤྱི་ཚོགས་སྟོབས་ཤུགས། རིགས་གཅིག་མཁས་པ་བཅས་མི་19484དང་གེགས་སེལ་འཕྲུལ་ཆས་1740སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། གཡའ་རྔ་གྲོང་ཁྱེར་གྱིས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”མཐའ་འཁྱོངས་དང་། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་མདུན་དུ་བཀོད་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཉེན་སེལ་རོགས་སྐྱོབ་ཀྱི་ལས་ཀ་ཧུར་ཐག་སྤེལ་ཏེ། གནོད་འཚེ་ལས་བཟོས་པའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཅོག་གང་ཐུབ་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་རེད། 
     འགྲིམ་འགྲུལ་ཉེན་སེལ་ཐད། གཡག་རྔ་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་ཉེན་སེལ་འཕྲུལ་ཆས་ཐེངས་200ལྷག་ཙམ་དང་ཉེན་སེལ་གེགས་སེལ་མི་སྣ་མི་ཐེངས་450བཏང་ནས། རྒྱལ་ལམ་318རྒྱུད་ཀྱི་ཡུས་ཁྲེང་ཆུས་དང་ཐེན་ཆོན་རྫོང་ཡོངས་ཀྱི་ས་ཁོངས་སུ་གཞུང་ལམ་7བཅད་པ་ཚང་མ་མྱུར་བཟོ་བྱས་ཡོད་པ་དང་། རྒྱལ་ལམ་108ལམ་རྒྱུད་ཀྱི་ཡུས་ཁྲེང་ཆུས་ཀྱི་འགྲོ་ལམ་བཅད་པ་2མྱུར་བཟོ་བྱས་ཡོད། ད་རུང་པའོ་ཤིང་རྫོང་ཁོངས་ཀྱི་ཞིང་ཆེན་ལམ་423དང་། ཞིང་ཆེན་ལམ་308 ཧྲི་མེན་རྫོང་ཁོངས་ཀྱི་རྒྱལ་ལམ་108(རི་ཉིལ་བ་དང་། རི་རྡིབ་བ། འདམ་རྡོའི་ཆུ་རུད་བཅས་30ཙམ་ཡོད) ཧྲི་ཅིའུ་གཞུང་ལམ་བཅས་གཞུང་ལམ་4བཅད་པས་མྱུར་བཟོ་དུས་ཚོད་གནས་སྐབས་གཏན་འཁེལ་བྱེད་ཐབས་བྲལ་བ་རེད།
     འཕྲིན་སྐྱེལ་ཉེན་སེལ་ཐད། གཡག་རྔས་འགན་ལེན་མི་སྣ་མི་ཐེངས་1673དང་། མྱུར་བཅོས་འགན་ལེན་རླངས་འཁོར་ཐེངས་གྲངས་567 སྣུམ་འཁོར་1604 སྲུང་སྐར་ཁ་པར་38 འཁོར་སྐར་འཕྲིན་སྐྱེལ་རླངས་འཁོར་6 དེ་བཞིན་བཞུ་མཐུད་འཕྲུལ་འཁོར་དང་འོད་སྐུད་སོགས་སྒྲིག་བཀོད་སྒྲིག་ཆས་འགའ་བཅས་བཏང་ནས། འཕྲིན་གཏོང་སྦྲེལ་ཚུགས་1218ཉམས་གསོ་བྱས་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་མང་ཚོགས་ལ་དོ་ཁུར་འཕྲིན་ཐུང་ཁྲི་311.47བཏང་ཡོད། འཕྲལ་སྡོམ་འཕྲིན་གཏོང་རླངས་འཁོར་ལུའུ་ཧྲན་རྫོང་ལུང་མོན་གྲོང་རྡལ་དང་། རྒྱལ་ལམ་318 རྒྱལ་ལམ་351སོགས་གཙོ་གནད་ས་ཁུལ་དང་དེ་བཞིན་འགྲིམ་འགྲུལ་མ་ལམ་དུ་བཏང་ནས་འཕྲིན་གཏོང་འགན་ལེན་བྱས་པ་རེད། 
     གློག་ཤུགས་ཉེན་སེལ་ཐད། གཡག་རྔ་ཡིས་རླངས་འཁོར་ཐེངས་གྲངས་447དང་ཉེན་སེལ་མི་སྣ་མི་ཐེངས་1600བཏང་ཡོད་པ་རེད། གློག་འདོན་འཁོར་ལོ་དང་། གློག་འདོན་འཕྲུལ་འཁོར། མཁོ་བསྟུན་གློག་གསོག་ཁང་བཅས་བབ་བསྟུན་གློག་སྲུང་ཐད་ལ་འདོན་སྤྲོད་བྱས་ཡོད། ཁྱོན་ཆན་ཧྥུའུ་35ཡི་གློག་གཏོང་སྐུད་ལམ་7དང་། གློག་སྒྱུར་ས་ཚིགས་5 ཆན་ཧྥུའུ་10ཡི་སྐུད་ལམ་དང་ཡན་ལག་75 ཐའེ་ཆུས་2495 སྤྱོད་མཁན་130171བཅས་སླར་གསོ་བྱས་པ་རེད། ད་རུང་ཆན་ཧྥུའུ་10ཡི་སྐུད་ལམ་དང་ཡན་ལག་རྣམ་གྲངས་3གྱིས་ཐའེ་ཆུས་160དང་སྤྱོད་མཁན་5049ལ་གནོད་རྐྱེན་ཐེབས་ཡོད།
     འཕྲོད་བསྟེན་རིམས་འགོག་ཐད། གཡག་རྔ་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་མྱུར་སྐྱོབ་རླངས་འཁོར་ཐེངས་48ལྷག་ཙམ་དང“120”སྨན་བཅོས་སྲོག་སྐྱོབ་མི་སྣ་མི་ཐེངས་72ལྷག་ཙམ་བཏང་བ་དང་། འཕྲོད་བསྟེན་འཕྲལ་སྡོམ་རུ་མི་མི་ཐེངས་300ལྷག་ཙམ་ཛ་དྲག་ངང་བཏང་ནས་ཁྱོན་མི་56སྐྱོབ་བཅོས་བྱས་པ་དང་ཁིལ་ལྡན་དུག་སེལ་སྨན་1200ལྷག་ཙམ་དང་དུག་སེལ་གཤེར་ཁུ་སྤྱི་རྒྱ་90 རིགས་ཁག་གི་དུག་སེལ་སྨན་རྫས་སྒམ་40ལྷག་འགྲེམས་གཏོང་བཏང་བ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་རྗེས་ཀྱི་ནད་འགོག་ཤེས་བྱའི་དྲིལ་བསྒྲགས་ཤོག་བྱང་4000ལྷག་འགྲེམས་གཏོང་བཏང་བ་རེད།
【1】  【2】  【3】
༄༅༎དྲག་ཆར་བབས་ནས་སི་ཁྲོན་གཡག་རྔ་ནས་མི་ཁྲི་14ལ་གནོད་འཚེ་ཕོག་པས། ནུས་ཤུགས་ཡོད་རྒུས་
ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ།