འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ཁག་ཐེངས་རྐྱང་པའི་ས་འོག་འབར་མདེལ་
གཙང་སེལ་རྒྱ་ཁྱོན་གྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཁག་བཅོ་བརྒྱད་པའི་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་ས་འོག་འབར་མདེལ་གཙང་སེལ་དཔོན་དམག་གིས་ཚེས་11ཉིན་ལེ་པ་ནོན་དུ་ས་འོག་འབར་མདེལ་གཙང་སེལ་གྱི་ལས་ཀ་མཇུག་ཤོས་དེ་ལེགས་སྒྲུབ་ཟིན་ཏེ་ཁག་ཐེངས་རྐྱང་པས་ས་འོག་འབར་མདེལ་གཙང་སེལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་གཅིག་གི་ཟིན་ཐོ་བཏོད་པ་རེད།
     ས་འོག་འབར་མདེལ་གཙང་སེལ་བྱེད་པའི་ཉིན་དེའི་སྔ་དྲོར། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་གཏན་འཁེལ་བྱས་པའི་མི་ཆོས་རིང་ལུགས་ཀྱི་ས་འོག་འབར་མདེལ་གཙང་སེལ་ལས་འགན་གྱི་འབར་མདེལ་ཁུལ་དུ་སྤེལ་བ་རེད། ས་འོག་འབར་མདེལ་གཙང་སེལ་གྱི་ལྟ་སྐུལ་བ་ཀྲེང་ཧུང་ལེང་གིས་ས་འོག་འབར་མདེལ་གཙང་སེལ་བྱེད་མཁན་4ཡི་སྣེ་ཁྲིད་དེ་ཚོགས་ཆུང་གཉིས་སུ་བགོས་ནས་དུས་གཅིག་ཏུ་ལས་སྒྲུབ་བགྲོད་ལམ་མཇུག་ཤོས་2པར་བསྐྱོད་པ་རེད། ས་འོག་འབར་མདེལ་གཙང་སེལ་བྱེད་མཁན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《ས་འོག་འབར་མདེལ་གཙང་སེལ་གྱི་ཚད་ལྡན་བརྒྱུད་རིམ》གྱི་གཏན་འབེབས་བཞིན་ས་འོག་འབར་མདེལ་གཙང་སེལ་བྱས་ཏེ་དེ་ཉིན་ཕྱི་དྲོར་ས་འོག་འབར་མདེལ་ཁུལ་དུ་གཙང་སེལ་ལས་འགན་ཡོངས་ལེགས་གྲུབ་བྱས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དཔུང་སྡེའི་ས་འོག་འབར་མདེལ་བྱ་སྤྱོད་ལྟེ་གནས་ཀྱི་གཙོ་གཉེར་བ་པི་ལར་གྱིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ས་འོག་འབར་མདེལ་གཙང་སེལ་དཔོན་དམག་གིས“ཐིག་སྔོན”ཁུལ་དུ་ལོ་14རིང་ས་འོག་འབར་མདེལ་གཙང་སེལ་ལས་འགན་བསྒྲུབས་ནས་ས་འོག་འབར་མདེལ་གཙང་སེལ་གྱི་གྲངས་འབོར་མང་ཤོས་དང་མྱུར་ཚད་མགྱོགས་ཤོས་དང་ཤི་རྨས་མེད་པ་དང་དོན་རྐྱེན་མེད་པའི་ཕུལ་བྱུང་གྲུབ་འབྲས་བཏོད་དེ“མཉམ་འབྲེལ་རྒྱལ་ཚོགས་ལེ་པ་ནོན་དཔུང་སྡེའི་ས་འོག་འབར་མདེལ་གཙང་སེལ་གྱི་དཔུང་སྡེ་ཡག་ཤོས་སུ་གྱུར་ཡོད་ཅེས་བརྗོད།
     ན་ནིང་ཟླ་5པའི་ཟླ་མཇུག་ཏུ། ལེ་པ་ནོན་དུ་བཀོད་སྒྲིག་བྱས་ཚུན། ཁག་བཅོ་བརྒྱད་པའི་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ས་འོག་འབར་མདེལ་གཙང་སེལ་དཔོན་དམག་གིས་མིག་སྔའི་བར་རིམ་རྩིས་བྱས་ན་ས་འོག་འབར་མདེལ་གནས་ཡུལ་4དང་། དོགས་ཡོད་ས་འོག་འབར་མདེལ་གནས་ཡུལ་1 མི་ཆོས་རིང་ལུགས་ཀྱི་ས་འོག་འབར་མདེལ་གནས་ཡུལ་1བཅས་གཙང་སེལ་བྱས་ཏེ་ས་འོག་འབར་མདེལ་1577ཤེས་རྟོགས་དང་མེད་པ་བཟོས་ཤིང་། ས་འོག་འབར་མདེལ་གནས་ཡུལ་གཙང་སེལ་བྱེད་ཁྱོན་བསྡོམས་སྨི་ངོས་གྲུ་10427ཟིན་པ་དེ་ནི་2006ལོ་ནས་བཟུང་ཀྲུང་གོས་ལེ་པ་ནོན་ལ་ཞི་བདེ་སྲུང་སྐྱོང་དཔུང་སྡེ་མངཌ་ཚུན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ས་འོག་འབར་མདེལ་གཙང་སེལ་དཔོན་དམག་གིས་ཁག་ཐེངས་རྐྱང་པའི་ས་འོག་འབར་མདེལ་གནས་ཡུལ་གཙང་སེལ་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་གཅིག་ལྷག་ཙམ་ཟིན་ཐེངས་དང་པོ་དེ་རེད།