འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎རྒྱལ་སྤྱིའི་གཞོན་ནུའི་ཉིན་མོར་ཁྱེད་ཚོས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་8ཚེས་12ཉིན་ནི་རྒྱལ་སྤྱིའི་གཞོན་ནུའི་ཉིན་མོ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“གཞོན་ནུས་གོ་ལ་ཧྲིལ་པོའི་བྱ་སྤྱོད་ནང་ཞུགས”ཞེས་པ་དེ་རེད།
     ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། གོ་ལ་ཧྲིལ་པོའི་ས་གནས་ཁག་གི་གཞོན་ནུ་ལ་ལས་ལས་རིགས་ཁག་གི་ལས་གནས་བརྟན་སྲུང་བྱས་ཏེ། སྤྱི་ཚོགས་རྒྱུན་གཏན་བཞིན་འཁོར་རྒྱུག་ཐུབ་པར་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། ལ་ལས་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་ནས་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་སེམས་ཁུར་དང་དྲོ་སྐྱིད་སྦྱིན་ཡོད། ཁོང་ཚོས་ལང་ཚོ་དང་བརྩེ་སེམས་ལ་བརྟེན་ནས་འཛམ་གླིང་ལ་དྲོ་སྐྱིད་དང་བདེ་སྐྱིད་སྦྱིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།