འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅།།རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས། འབྲུབ་འགོག་གི་འཕྲལ་སྡོམ་བརྡ་
ལན་རིམ་པIVརྒྱུན་འཁྱོངས་བྱས་པ།

མེ་ཟོན་རོགས་སྐྱོབ་ཀྱི་བཀོད་འཐབ་པ་2600ཙམ་སྔོན་ལ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། སྔོན་དཔག་བྱས་པར་གཞིགས་ན། ཉེ་དུས་རང་རྒྱལ་གྱི་སི་ཁྲོན་གཤོངས་ས་དང་། པེ་ཅིང་། ཐེན་ཅིན། ཧོ་པེ། བྱང་ཤར་ས་ཁུལ་ཁག་གཅིག་བཅས་ལ་དྲག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འཕྲལ་སྡོམ་བརྡ་ལན་རིམ་པIVརྒྱུན་འཁྱོངས་བྱས་པ་རེད།
   རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་གཙོ་གནད་ས་ཁུལ་དུ་དྲག་ཆར་འབབ་རྒྱུར་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་མུ་མཐུད་བཀོད་གཏོང་དང་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ས་ཁུལ་གྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་། ཉེ་དུས་ཀྱི་དོན་རྐྱེན་བསླབ་བྱར་གཏིང་ཟབ་ལེན་པ། གཙོ་གནད་ས་ཁུལ་དུ་དྲག་ཆར་བབས་པ་ལས་བྱུང་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་དམ་ཟབ། འཕྲལ་སྡོམ་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་མིག་སྔའི་འབྲུབ་འགོག་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    འཕྲལ་སྡོམ་དོ་དམ་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས་བཅས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བཀོད་སྒྲིག་བྱས་ཏེ་གཙོ་གནད་ས་ཁོངས་249དང་། ས་འོག་བར་མཐོངས་1100ལྷག་ཙམ། གཤོང་སའི་ཁུལ་ཁོངས་སོགས་གཙོ་གནད་ཁུལ་དབྱེ་བ་དང་། སྔོན་ཇུས་དང་སྔོན་གཏོང་མི་སྣ་དང་དེ་བཞིན་དངོས་ཟོག་འགན་ལེན་གྱི་ཇུས་གཞི་རེ་རེ་བཞིན་བཟོས་ཡོད། ས་ཁུལ་ཁག་གིས་གཙོ་གནད་ས་ཁོངས་སུ་སྔོན་གཏོང་ལས་སྒྲུབ་ས་ཚིགས་260ལྷག་ཙམ་བཀོད་སྒྲིག་བྱས་པ་དང་བཀོད་འཐབ་པ་2597དང་། མེ་ཟོན་རླངས་འཁོར་513 གྲུ་གཟིངས་254བཅས་བཀོད་སྒྲིག་བྱས་ནས་མྱུར་དུ་དང་ལེན་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད།