འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅།།ནང་སོག་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་ནས་འཕེལ་
རྒྱས་མགྱོགས་མྱུར་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་གསོད་པ་དང་འཕེལ་རྒྱས་སླར་གསོ་མངོན་འགྱུར་ཐུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། ནང་སོག་གིས་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སླར་གསོར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
    དེའི་ཐད་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་གསོད་པར་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་མགྱོགས་མྱུར་སླར་གསོའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཀྲམ་ནས་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བྱ་ཐབས་ཞིབ་ཕྲ་23བཟོས་ནས་ཡུལ་སྐོར་ཁྲོམ་ར་གང་མགྱོགས་སླར་གསོ་ཡོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད།
     ནང་སོག་གིས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་དངུལ་བུན་ལ་སྐྱེད་ཀ་སྤྲད་ནས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ལོ་འདིའི་ནང་གསར་པ་འཕར་བའི་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་50%གཞིར་བཟུང་སྐྱེད་ཀ་སྤྲོད་རྒྱུ་དང་སྐྱེད་ཚད་མཐོ་ཤོས་5%ལས་བརྒལ་རྒྱུ་མིན་པ་རེད། ཁེ་ལས་རེར་དངུལ་བུན་རེ་གཏོང་བའི་ཐད་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དངུལ་བུན་སྐྱེད་ཀའི་སྲིད་ཇུས་གཞན་དག་གི་རྒྱབ་སྐྱོར་ཐོབ་རིགས་ལ་ཡང་བསྐྱར་ཁ་གསབ་བྱ་རྒྱུ་མིན་པ་རེད།