འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅༎བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན་པ།
འདི་ནི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཡིན་པ།
     ཚེས་10ཉིན་གྱི་སྔ་དྲོར། “དབུལ་ཕོངས་རྒྱབ་ཏུ་བསྐྱུར། འབྱོར་འབྲིང་མདུན་ནས་བསུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་འགོ་བཙུགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་དུས་ཆེན་ནང་ཕུལ་བྱུང་རིག་གནས་འགྲེམས་སྟོན་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། དངོས་ཟོག་ཚོང་དོན་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་འདྲེན་ངོ་འཕྲད་གྲོས་མོལ། ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བཅས་གཞི་གཅིག་ཏུ་འདུས་པའི་རྩྭ་ཐང་གི་སྟོན་མོ་དེ་ཟླ་8ཚེས་14ཉིན་བར་སྤེལ་རྒྱུ་ཡིན་པ་རེད།
【1】  【2】
འདི་ནི་བུད་མེད་ཅིག་གིས་རྡོ་འགྱོག་བཞིན་པ།
འདི་ནི་བུད་མེད་ཅིག་གིས་རྡོ་འགྱོག་བཞིན་པ།