འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅༎ཁ་རས་མངགས་ཉོ་བྱེད་མཁན་ཕྱིའི་རྒྱལ་ཁབ་མང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཧོ་ཧྥེ་གྲོང་ཁྱེར་ཡའོ་ཧའེ་ཆུས་ཧོ་ཙེ་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཚོང་དོན་པུའི“རྒྱལ་ནང་གི་ཚད་གཞི་ལོན་པ་དང་ཕྱི་རྒྱལ་གྱི་བདེན་དཔང་ཐོབ་པའི་མིང་བྱང”ཐོབ་ནས་KN95དང་སྨན་བཅོས་N95ཁ་རས་བཟོ་ཐུབ་པའི་ཕྱིར་གཏོང་ཕྱིར་ཚོང་ཁེ་ལས་ཤིག་རེད། ཀུང་སི་དེས་ཉིན་རེར་KN95ཁ་རས་ཁྲི་200དང་སྨན་བཅོས་N95ཁ་རས་ཁྲི་20བཟོ་གི་ཡོད། ཐོན་རྫས་ཨུ་རུ་སུ་དང་། ཧང་ག་རི། སི་ཕན་སོགས་རྒྱལ་ཁབ་བཅུ་གྲངས་ལ་ཕྱིར་གཏོང་བྱེད་པ་རེད།