འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་12ཉིན།

༄༅༎ཁུ་ཁུ་ཤི་རིར་གཙོད་ཕྱིར་ལོག་བྱེད་མང་བའི་དུས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཙང་གསུམ་ཆུ་འགོ་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔར་ཁུ་ཁུ་ཤི་རིར་གཙོད་ཕྱིར་ལོག་བྱེད་མང་བའི་དུས་སུ་སླེབས་ཡོད་པ་རེད།
     མཚོ་སྔོན“སྣོད་བཅུད་སྐར་ཁུང”རྒྱང་ཁྲིད་དྲ་རྒྱའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་གིས་ཟླ་8ཚེས་7ཉིན་ལྟ་དཔྱད་ཚད་འཇལ་བྱས་པའི་པར་རིས་ལས་མངོན་པར། གཙོད་300ལྷག་ཙམ་ཉིན་དེའི་ཆུ་ཚོད་13དང་སྐར་མ་20ཙམ་ལ་མཚོ་བོད་གཞུང་ལམ་སྤྱི་ལེ་3002ཀྱི་རྒྱུད་དུ་གཅིག་རྗེས་གཉིས་མཐུད་ངང་སྐྱོད་བཞིན་ཡོད་པ་རེད།
     “ཟླ་8ཚེས་8ཉིན་བར་ཧ་ལམ་གཙོད་མོ་2100ཙམ་གཙོད་ཕྲུག་ཁྲིད་ནས་མཚོ་བོད་གཞུང་ལམ་སྤྱི་ལེ་3002ཀྱི་རྒྱུད་དང་མཚོ་བོད་ལྕགས་ལམ་སྨུག་པ་ལ་སྒང་གི་ཟམ་ཆེན་བྱང་མ་ནས་གཅིག་རྗེས་གཉིས་མཐུད་ངང་གྲོལ་ཡོད”གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཙང་གསུམ་ཆུ་འགོ་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་སྨུག་པ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀརྨ་གཡང་འཕེལ་གྱིས་ངོས་སྤྲོད་བྱས་དོན། མིག་སྔར་ད་དུང་གཙོད་འབོར་ཆེན་ཞིག་མཚོ་བོད་གཞུང་ལམ་གྱི་ཉེ་འགྲམ་དུ“གཞུང་ལམ་སྒྲོལ་རྒྱུར”སྒུག་ནས་བསྡད་ཡོད་པ་རེད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཙང་གསུམ་ཆུ་འགོ་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། གཙོད་ཕྱིར་ལོག་བྱེད་པའི་གྲངས་འབོར་སྤྱིའི་ཆ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 2019ལོར་མཚོ་བོད་གཞུང་ལམ་སྤྱི་ལེ་3002བརྒྱུད་ནས་ཕྱིར་ལོག་བྱས་པའི་གཙོད་ཀྱི་གྲངས་འབོར་4860ཟིན་པ་དེ་2018ལོ་ལས་338མང་དུ་ཕྱིན་ཡོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེན་ཤིན་མིང་གིས“ཕྱིར་ལོག་བྱེད་པའི་གཙོད་ཀྱི་གྲངས་འབོར་ཉེ་དུས་མུ་མཐུད་མང་དུ་འགྲོ་རྒྱུ་དང་། ཕྱིར་ལོག་བྱེད་པའི་དུས་ཚིགས་སྔོན་དཔག་བྱས་ན་ཟླ་9པའི་ཟླ་མགོར་མཇུག་འགྲིལ་རྒྱུ་རེད”ཅེས་བརྗོད།