འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་11ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་པ་11ལ་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་11ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་པ་11ལ་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་7ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ནོར་སྲིད་པུའུ་ཡིས་ཤང་ཀང་གི་རང་དབང་ལ་གཏོར་བརླག་བྱས་ཟེར་བ་ལ་ཁ་གཡར་ནས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་ཤང་ཀང་དམིགས་བསལ་ཁུལ་གྱི་གཞུང་ཕྱོགས་མི་སྣ་11ལ་བཀག་སྡོམ་བྱས་པའི་དོན་དག་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་10ཉིན་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག་ཏུ་ཨ་རི་ཕྱོགས་ཀྱིས་མངོན་སུམ་འཛེམ་མེད་ཀྱིས་ཤང་ཀང་གི་དོན་དག་ལ་ཇུས་གཏོགས་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དྲག་པོ་བྱས་པས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་དང་ཚབས་ཆེན་འགལ་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་ཡིན་པ་བསྟན། 
    ཀྲའོ་ལི་ཅན་གྱིས། ཨ་རིའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་དེ་རིང་ནས་བཟུང་ཤང་ཀང་གི་གནད་དོན་ཐད་རྣམ་འགྱུར་ངན་པ་འཛིན་མཁན་ཨ་རི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་གྲོས་པ་ལུའུ་པི་ཨའོ། ཁེ་ལུའུ་ཚི། ཧོ་ལི། ཁའོ་ཏུན། ཐུའུ་མི། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་འོག་མའི་གྲོས་མི་སི་མི་སི། དེ་བཞིན་ཨ་རི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པའི་སྤྱི་གཉེར་བ་ཀེ་ཧྲི་མན། ཨ་རི་རྒྱལ་སྤྱིའི་ལས་དོན་དམངས་གཙོ་མཐུན་ཚོགས་ཀྱི་སྤྱི་གཉེར་བ་མི་ཏེ་ཝེ། ཨ་རི་རྒྱལ་སྤྱིའི་སྤྱི་མཐུན་ཞིབ་འཇུག་ཁང་གིས་སྤྱི་གཉེར་བ་ཐེ་ཝུན་ཉིང་། “འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ”ལག་བསྟར་ཀྲུའུ་ཞི་རའོ་སི། “རང་དབང་གི་ཁྱིམ”གྱི་སྤྱི་གཉེར་བ་ཨ་པུའུ་ལ་མའོ་ཝེ་ཚི་བཅས་ལ་བཀག་སྡོམ་བྱ་རྒྱུ་ཡིན་ཟེར། 
    ཁོང་གིས་ནན་བཤད་བྱས་དོན། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་ཀུན་གྱིས་ཁས་ལེན་པའི་རྒྱལ་ཁའི་གྲུབ་འབྲས་ཐོབ་ཡོད། ཤང་ཀང་སྡོད་དམངས་ཀྱིས་ཁྲིམས་ལྟར་སྔོན་ཆད་ཐོབ་མྱོང་མེད་པའི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱད་པ་དང་། ཁྲིམས་ལྟར་རང་དབང་འདྲ་མིན་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད། འདི་ནི་ཕྱོགས་ཞེན་གང་ཡང་མེད་པའི་མི་སུ་ཞིག་གིས་ཀྱང་ཁས་མི་ལེན་ཐབས་མེད་ཡིན་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་རེད། དུས་མཉམ་དུ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་རིམ་ཁྲོད་དུ་ཉེན་ཁ་གསར་པ་དང་འགྲན་སློང་གསར་པ་ཐུག་ཡོད། འབུར་དུ་ཐོན་པའི་གནད་དོན་ནི་ཤང་ཀང་དམིགས་བསལ་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཉེན་ཁ་ཉིན་རེར་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཤང་ཀང་དམིགས་བསལ་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་དོན་དངོས་ཀྱི་འཇིགས་སྐུལ་དང་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། དམིགས་བསལ་ཁུལ་སྲིད་གཞུང་གིས་རང་འགུལ་གྱིས་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་སྲུང་སྐྱོང་བྱེད་དཀའ་བའི་གནས་ཚུལ་འོག ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་འཕྲལ་ཐག་འཕྲལ་གཅོད་ཀྱི་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་ཀྱི་ངོས་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་ཉེས་ཆད་གཅོད་ས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཉེས་ཅན་ཆེས་ཉུང་ཤས་ཡིན་པ་དང་། སྲུང་སྐྱོབ་བྱེད་ས་ནི་ཁྲིམས་སྲུང་བའི་ཤང་ཀང་གི་སྡོད་དམངས་ཆེས་མང་ཆེ་བ་ཡིན་ཟེར། 
    ཀྲའོ་ལི་ཅན་གྱིས་ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་པ་དང་། ཤང་ཀང་གི་དོན་དག་ནི་ཀྲུང་གོའི་ནང་སྲིད་ལ་གཏོགས། ཕྱི་རོལ་གྱི་སྟོབས་ཤུགས་གང་ཞིག་ལའང་ཐེ་གཏོགས་བྱེད་དབང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་གནས་བབས་ལ་དབྱེ་འབྱེད་གསལ་པོར་བྱས་ཏེ། ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཤང་ཀང་གི་དོན་དག་ལ་ཇུས་གཏོགས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་འཕྲལ་དུ་བྱེད་མཚམས་འཇོག་དགོས་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།