འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་11ཉིན།

༄༅༎པེ་ཅིང་ནས་ཝི་ཨེན་ན་བར་གྱི་མཁའ་ལམ་སླར་གསོ་བྱུང་ནས་ཕྱོགས་གཉིས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་11ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རིམས་ནད་ཀྱི་གནས་ཚུལ་ཐོན་རྗེས་པེ་ཅིང་ནས་ཝི་ཨེན་ན་བར་གྱི་མཁའ་ལམ་སྐབས་ཤིག་རིང་ཝི་ཨེན་ན་ནས་པེ་ཅིང་བར་གྱི་ཕྱོགས་རྐྱང་གི་མཁའ་ལམ་གཅིག་པུ་ལས་མེད་པ་རེད། ཟླ་8ཚེས་8ཉིན་ནས་བཟུང་པེ་ཅིང་ནས་ཝི་ཨེན་ན་བར་གྱི་མཁའ་ལམ་སླར་གསོ་བྱུང་ནས་ཕྱོགས་གཉིས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད།