འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་11ཉིན།

༄༅༎འཇར་མན་གྱིས་བཙན་ཤེད་ཀྱི་བླང་བྱ་བཏོན་ཏེ་ཉེན་ཆེའི་ས་ཁུལ་ནས་ཡོང་མཁན་ལ་ཏོག་དབྱིབས་
ནད་དུག་གསར་པའི་ཞིབ་དཔྱད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་11ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་6ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་འཕྲོད་བསྟེན་པུའུ་ཀྲང་ཧྲེ་པོས་ཚེས་8ཉིན་ནས་བཟུང་བཙན་ཤེད་ཀྱི་བླང་བྱ་བཏོན་ཏེ་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་ནས་འཇར་མན་གྱི་རྒྱལ་ཁོངས་སུ་འཛུལ་མཁན་མི་སྣ་ཚང་མར་ནད་དུག་ཞིབ་དཔྱད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གཏན་འབེབས་གསར་པར་གཞིགས་ན། ཡུལ་སྐོར་བ་དེ་དག་གིས་ངེས་པར་དུ་འཇར་མན་གྱི་རྒྱལ་ཁོངས་སུ་མ་འཛུལ་གོང་གི་ཆུ་ཚོད་48དམ་ཡང་ན་འཛུལ་རྗེས་ཀྱི་ཆུ་ཚོད་72ནང་ཞིབ་དཔྱད་དང་ལེན་བྱེད་དགོས་པ་དང་སྲིབ་གཤིས་ཀྱི་ཞིབ་དཔྱད་འབྲས་བུ་མ་དོན་གོང་དུ་ལོགས་སུ་འཇོག་རྒྱུ་ཡིན་པ་རེད།