འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་11ཉིན།

༄༅།།རྒྱལ་ཡོངས་ཀྱི་མོག་རོའི་ཐོན་ལས་ཚོགས་ཆེན་སྐབས་ལྔ་པར་ཚོང་འགུགས་མ་དངུལ་སྒོར་དུང་ཕྱུར་10.65
ཡི་གན་རྒྱ་བཞག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལུའེ་ལེང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས(ཧྲན་ཤིས·ཀྲུང་ཡང)ཀྱི་མོག་རོའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་སྐབས་ལྔ་པ་དང“མོག་རོ་ཆུང་ངུ་དང་ཐོན་ལས་ཆེན་པོའི”སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཟླ་8ཚེས་7ནས་9ཉིན་བར་ལུའེ་ལེང་གྲོང་ཁྱེར་ཀྲུང་ཡང་རྫོང་དུ་འཚོགས་པ་རེད། ཐོན་ལས་དང་ཚོང་དུད་སྦྲེལ་མཐུད་དང་ཚོང་འགུགས་མ་འདྲེན་གྱི་གྲོས་མོལ་ཚོགས་འདུའི་ཐོག་མོག་རོའི་ཐུམ་སྒྲིལ་ཐོན་སྐྱེད་དང་། མོག་རོའི་སྣ་ཁ་མཁོ་འདོན། མོག་རོ་འདེབས་རྩལ་གྱི་ཞབས་ཞུ། མོག་རོའི་རྟེན་གཞི་འཛུགས་སྐྲུན། མོག་རོའི་ཐོན་རྫས་ཞིབ་སྤེལ་ལས་སྣོན་ཞིབ་ཚཌ། བེད་མེད་མོག་རོའི་སྲིན་ཐུམ་ཚུར་བསྡུ་ཐག་གཅོད་སོགས་མཉམ་ལས་རྣམ་གྲངས་ལ་དམིགས་ནས་མ་དངུལ་སྒོར་དུང་ཕྱུར་10.65ཡི་གན་རྒྱ་བཞག་པ་རེད།