འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་9ཉིན།

༄༅།།ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སློབ་གསོ་པུས་མཉམ་དུ་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་
དྲ་བའི་སློབ་ཁྲིད་ཀྱི་ལས་སྟེཌ་ལ་ཆེད་དོན་བཅོས་སྒྲིག་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་09ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ● ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་སློབ་ཁྲིད་ལས་སྟེགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དྲ་རྒྱའི་སློབ་ཁྲིད་ཀྱི་ལས་སྟེགས་ཚད་ལྡན་དང་སྒྲིག་ལམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སློབ་གསོ་པུས་ཚེས་7ཉིན་ནས་བཟུང་། ཟླ་བ་གཉིས་རིང་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སློབ་ཁྲིད་དང་འབྲེལ་བ་ཡོད་པའི་ལས་སྟེགས་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་དྲ་རྒྱའི“སྤྲིན་ཚོམ་སློབ་ཁྲིད”འདི་ཉིད་རྒྱ་ཆེའི་སློབ་མས་རིམས་ནད་རིང་སློབ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད། འོན་ཀྱང་དྲ་ཚིགས་དང་ལས་སྟེགས་ཁག་གཅིག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་སྣང་མེད་དུ་བཏང་ནས་དྲ་རྒྱའི་སློབ་ཁྲིད་ལ་བརྟེན་ནས་དྲ་རྒྱའི་རོལ་རྩེད་དང་གྲོགས་པོ་སྒྲིག་རྒྱུའི་ཆ་འཕྲིན་ཡང་སེ་བསྐུར་བ་དང་། ཐ་ན་ཆཌ་སྲེད་དང་། གཏུམ་སྤྱོད། ཁ་བསླུས་བཅས་ཀྱི་ཆ་འཕྲིན་ཡང་བསྐུར་གྱི་ཡོད། དེས་རྒྱ་ཆེའི་སློབ་མ་དང་ལྷག་དོན་དུ་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོ་གི་ཡོད། ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་སློབ་ཁྲིད་ལས་སྟེགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དྲ་རྒྱའི་སློབ་ཁྲིད་ཀྱི་ལས་སྟེགས་ཚད་ལྡན་དང་སྒྲིག་ལམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སློབ་གསོ་པུས་ཚེས་7ཉིན་ནས་བཟུང་། ཟླ་བ་གཉིས་རིང་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སློབ་ཁྲིད་དང་འབྲེལ་བ་ཡོད་པའི་ལས་སྟེགས་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་རེད།
   ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་དེ་དྲ་དམངས་ཀྱིས་བསམ་འཆར་འདོན་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལྷུ་ཚིགས་མི་འདྲ་བར་བཅོས་སྒྲིག་བྱེད་རྒྱུ་རེད། ན་སོ་དར་ལ་མ་བབས་པའི་མིར་དྲ་རྒྱའི་སློབ་ཁྲིད་བྱེད་མཁན་དྲ་ཚིགས་དང་ལས་སྟེགས་སྣ་ཚོགས་ཀྱིས་ངེས་པར་དུ་ཆ་འཕྲིན་གྱི་ནང་དོན་དོ་དམ་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། སློབ་ཚན་ལ་ཞིབ་དཔྱད་བྱེད་པའི་འགག་སྒོ་ནན་པོ་བསྲུངས་ནས་སྟོན་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱེད་དགོས་པ། དཔྱད་གཏམ་སྤེལ་རེས་བྱེད་ནུས་འཛུགས་པར་ཆ་འཕྲིན་ནང་དོན“སྔོན་ལ་ཞིབ་དཔྱད་དང་རྗེས་སུ་བཀྲམ་པའི”ལམ་ལུགས་འཛུགས་དགོས་པ། དྲ་རྒྱའི་སློབ་ཁྲིད་དང་དྲ་ངོས་མཐའ་འཁོར་གྱི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་ནང་དོན་ཐོན་མི་རུང་བ། ན་སོ་དར་ལ་མ་བབས་པའི་མིར་མ་འཚམ་པའི་བསླུ་ཁྲིད་རང་བཞིན་གྱི་དྲ་ངོས་བསྐུར་མི་རུང་བ། སློབ་སྦྱོང་དང་འབྲེལ་བ་མེད་པའི་བརྡ་ཆ་དང་ཆ་འཕྲིན་བརྒྱུད་བསྐུར་བྱེད་མི་རུང་བ། སྤྱི་ཕན་རང་བཞིན་གྱི་དྲ་རྒྱའི་སློབ་ཁྲིད་ལ་བརྟེན་ནས་ཚོང་ལས་ཀྱི་ཁེ་ཕན་རག་ཐབས་བྱེད་མི་རུང་བ་བཅས་རེད།
   འབྲེལ་ཡོད་འགན་འཁུར་བས། དོ་དམ་སྡེ་ཚན་གྱིས་དྲ་རྒྱའི་སློབ་ཁྲིད་ལས་སྟེགས་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ན་ཐར་པར་གཏན་ནས་གཏོང་མི་སྲིད། ཆེད་དོན་བཅོས་སྒྲིག་བྱེད་རིང་ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་དང་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་སློབ་ཁྲིད་ལས་སྟེགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་འཛིན་ཆད་པ་གཅོད་ཤུགས་སྔར་བས་ཆེ་རུ་བཏང་ནས། བྱ་ངན་སྤེལ་མ་ཐག་རྡུང་རྡེག་གཏོང་བ་དང་ནན་ལ་ལྕི་བའི་རྩ་དོན་གཞིར་བཟུང་། ཁྲིམས་འགལ་སྒྲིག་འགལ་གྱི་དྲ་ཚིགས་ལས་སྟེགས་དང་འབྲེལ་ཡོད་སྒྲིག་གཞིར་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་དྲ་རྒྱའི་སློབ་སྦྱོང་ཁོར་ཡུག་གཅིག་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།