འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་8ཉིན།

༄༅།།མཚོ་སྔོན་གྱིས་སློབ་གྲྭ་ནས་ཁ་བྲལ་རྗེས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་འབྲེལ་མཐུད་མི་ཆད་
པའི་ལས་ཞུགས་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་08ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《སློབ་གྲྭ་ནས་ཁ་བྲལ་རྗེས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆ་འཕྲིན་འབྲེལ་མཐུད་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་སློབ་གྲྭ་ནས་ཁ་བྲལ་རྗེས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆ་འཕྲིན་འབྲེལ་མཐུད་དང་དོ་དམ་ཞབས་ཞུ་འབྲེལ་མཐུད་ལས་དོན་བཀོད་སྒྲིག་བྱས་པ་དང་འབྲེལ་མཐུད་མི་ཆད་པའི་ལས་ཞུགས་ཞབས་འདེགས་ཞུ་རྒྱུའི་བླང་བྱ་བཏོན་པ་རེད།
   གདིང་གཞི་འཕྱུགས་མེད་ཡོང་བའི་འགན་ལེན་བྱ་ཆེད་འབྲེལ་ཡོད་སྡེ་ཚན་གྱིས་མ་ལག་ནང་ཐོ་བཀོད་པའི་མིང་ངོ་མའི་ཆ་འཕྲིན་གཞིར་བཟུང་ཁ་པར་ཐོག་ནས་འདྲི་རྩད་དང་། ཐེམ་ཐོ་བསྡུར་བ། སྒོ་རྩར་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་ནན་པོ་སྤྱད་དེ་ཕྱོགས་ཡོངས་ནས་གཅིག་སྡུད་ཐོག་གྲལ་བཤེར་བྱས་པ་དང་སློབ་ཐོན་སློབ་མའི་གཞི་རྩའི་ཆ་འཕྲིན་དང་། ལས་ཞུགས་དགོས་མཁོ་དང་གནས་ཚུལ་སོགས་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་སྣའི་ཆ་འཕྲིན་གྱི་གདིང་གཞི་འཕྱུགས་མེད་དང་ཐོ་འགོད་བྱེད་དགོས་རིགས་ཐོ་འགོད་བྱེད་ཐུབ་ཡོད། དེའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་ཀྲོའུ་ཁག་གིས་སློབ་ཐོན་སློབ་མ་རེ་རེ་བཞིན་འབྲེལ་བ་བྱས་ཏེ་མི་སྒེར་གྱི་དགོས་མཁོ་དང་འདུན་པ་གཞིར་བཟུང“གཅིག་གཏད་གཅིག”གི་ཞབས་ཞུ་དང་ཁོང་ཚོར་ལས་གནས་ཆ་འཕྲིན་དང་། སྲིད་ཇུས་བློ་འདྲི། ལས་ཞུགས་ནང་སྦྱོང་། ལས་རིགས་སོགས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཞབས་འདེགས་ཞུས་པ་རེད།
   གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མུ་མཐུད་ལས་མི་བསྡུས་པ་དང་ལྷག་པར་དུ་རྒྱུན་རྣམ་ཅན་གྱིས་དྲ་ཐོག་ལས་མི་བསྡུས་ཏེ་ད་ཡོད་ཀྱི་དྲ་ཐོག་ལས་མི་བསྡུ་བའི་ལས་སྟེགས་སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་མིར་བསྡུ་བའི་ཆེད་དོན་ཁུལ་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་དམིགས་པའི་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་ཁག་གཅིག་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་དང་འབྲེལ་རྣམ་པ་སྣ་ཚོགས་ཀྱི་དྲ་ཕྱིའི་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་ནས་མི་དང་ལས་གནས་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱས་པ་རེད།