འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎ལྷ་ས་འགག་སྒོས་ཞི་སྲུང་དཔུང་སྡེ་རྒྱལ་མཚམས་ནས་སྒྲོལ་སྐབས་རིམས་ནད་བརྟག་དཔྱད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལྷ་ས་འགག་སྒོས་ཞི་སྲུང་དཔུང་སྡེ་རྒྱལ་མཚམས་ནས་སྒྲོལ་སྐབས་རིམས་ནད་བརྟག་དཔྱད་བྱས་པ།
     འདི་ནི་ཟླ་8ཚེས་3ཉིན་ལྷ་ས་འགག་སྒོ་རྒྱལ་སྤྱིའི་ཡུལ་སྐོར་འཕྲོད་བསྟེན་བདེ་སྲུང་ལྟེ་གནས་སུ་འགག་སྒོའི་ཚོད་ལྟ་ཁང་གི་མི་སྣས་ཕྱི་རྒྱལ་དུ་སྐྱོད་རྩིས་ཡོད་པའི་བོད་དམག་ཁུལ་ཁང་གི་ཞི་སྲུང་དཔོན་དམག་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
     ལྷ་ས་འགག་སྒོ་ལས་ཁུངས་བདེ་སྲུང་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ལྷ་ས་འགག་སྒོ་ལས་ཁུངས་ལ་བོད་དམག་ཁུལ་ཁང་གི་ཕྱི་རྒྱལ་དུ་སྐྱོད་རྩིས་ཡོད་པའི་ཞི་སྲུང་དཔུང་སྡེའི་དཔོན་དམག་ལ་གཟུགས་པོ་བརྟག་དཔྱད་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་འགན་འབྱོར་བྱུང་ཞེས་བཤད། 1999ལོའི་12པར་བཙུགས་པའི་ལྷ་ས་འགག་སྒོ་ལས་ཁུངས་བདེ་སྲུང་ལྟེ་གནས་ཀྱིས་བོད་ལྗོངས་ས་ཁུལ་གྱི་རྒྱལ་མཚམས་འཛུལ་སྒྲོལ་མི་སྣའི་གཟུགས་པོ་བརྟག་དཔྱད་དང་། འགོས་ནད་བརྟག་དཔྱད། རིམས་འགོག་སྨན་ཁབ། ཡུལ་སྐོར་བདེ་ཐང་བློ་འདྲི། དེ་བཞིན་འབྲེལ་ཡོད་སྨན་བཅོས་ཞབས་འདེགས་སོགས་ཀྱི་ལས་འགན་འཁུར་གྱི་ཡོད། 2019ལོར་ལྟེ་གནས་དེས་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་1000ལྷག་ཙམ་ལ་འགོས་ནད་བརྟག་དཔྱད་དང་གཟུགས་པོ་བརྟག་དཔྱད་བྱས་པ་དེའི་ནང་རྒྱལ་མཚམས་འཛུལ་སྒྲོལ་བརྟག་དཔྱད་དང་མངགས་བཅོལ་བརྟག་དཔྱད་སོགས་ཚུད་ཡོད།