འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིའི་འཕྲོད་བསྟེན་པུའུ་ཀྲང་གིས་ཐའེ་དབན་ལ་འཚམས་འདྲི་བྱེད་རྩིས་ཡོད་པའི་སྐོར་ལ་དཔྱད་གཏམ་སྤེལ་བ།
ཨ་རི་དང་ཐའེ་དབན་གྱི་དཔོན་རིགས་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུ་པུའི་པུའུ་ཀྲང་ཨ་ཀྲ་ཡིས་མ་འོངས་ཉིན་ཤས་ནང་འཚམས་འདྲི་ཚོགས་པའི་སྣེ་འཁྲིད་དེ་ཐའེ་དབན་ལ་འཚམས་འདྲིར་ཡོང་རྒྱུའི་གནད་དོན་དེར་དམིགས་ནས། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཐའེ་དབན་གྱི་དཔོན་རིགས་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལངས་ཕྱོགས་དེ་ནི་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ་ཧ་ཅང་ཁ་གསལ་ཞིང་གཏན་འཁེལ་བ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེའི་ཐད་པེ་ཅིང་དང་ཝ་ཧྲིང་ཐོན་ནས་ཨ་རི་ཕྱོགས་ལ་དྲང་ནན་གྱི་འབྲེལ་གཏུག་བྱས་པ་ཡིན།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག དབང་ཝུན་པིན་གྱིས་བརྗོད་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨ་འབྲེལ་བའི་ཁྲོད་ཀྱི་གལ་འགངས་ཆེ་ཤོས་དང་ཚོར་སྣང་སྐྱེན་ཤོས་ཀྱི་གནད་དོན་ཞིག་རེད། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་ཨ་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། རྣམ་པ་གང་རུང་གི་ཨ་རི་དང་ཐའེ་དབན་དབར་གྱི་དཔོན་རིགས་ཀྱི་འགྲོ་འོང་མཚམས་འཇོག་དང་། ཐའེ་དབན་དང་འབྲེལ་བ་ཡོད་པའི་གནད་དོན་གཟབ་ནན་དང་འོས་འཚམ་ངང་ཐག་གཅོད་བྱེད་པ། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གང་ཡང་མི་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་དང་ཐའེ་དབན་མཚོ་ཁུག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཆེན་པོ་མི་ཡོང་བའི་སྐུལ་འདེབས་བྱེད་རྒྱུ་ཡིན།
     “ངས་ནན་བཤད་བྱེད་དགོས་པ་ཞིག་ལ། ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ཁས་ལེན་བྱེད་ཀྱི་ཡོད། ཀྲུང་གོ་གཅིག་གི་རྩ་དོན་ལ་སྣང་མེད་དང་། ཁས་མི་ལེན་པ། འགྲན་སློང་བྱེད་པ་བཅས་ཀྱི་རེ་ངན་གང་རུང་ཕམ་ངེས་རེད”ཅེས་ཁོང་གིས་བརྗོད་པ་རེད།