འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎《གཤགས་གྲི》ཡི་སྤྱི་ཁྱབ་རྩོམ་སྒྲིག་པས་བརྗོད་དོན། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འཕྲལ་ཐག་ཆོད་ལ་
འགན་འཁུར་པོས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་གྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་དབྱིན་ཇིའི་གྲགས་ཅན་གསོ་རིག་དུས་དེབ《གཤགས་གྲི》ཡི་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་ཁྲ་ཏེ·ཧོ་ཏུན་གྱིས་དབྱིན་ཇིའི《སྲུང་སྐྱོང་ཚགས་པར》ཐོག་རྩོམ་ཡིག་ཞིག་སྤེལ་བའི་ནང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འཕྲལ་ཐག་ཆོད་ལ་འགན་འཁུར་ནས་བྱ་སྤྱོད་སྤེལ་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ཡོད་ཅེས་འཁོད་ཡོད།
     ཁོང་གིས་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་སྔ་ཙམ་གྲོང་ཁྱེར་བཀག་སྡོམ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་ཆབས་ཅིག སྤྱི་ཚོགས་ཐོག་འགྲོ་འོང་བྱེད་སྐབས་བར་ཐག་ངེས་ཅན་འཇོག་དགོས་པའི་སྲིད་ཇུས་ནན་པོ་བཏོན་ནས་ནད་དུག་ཁྱབ་ལམ་བཀག་ཡོད། དེ་དང་དུས་མཚུངས་ཚན་རིག་མཁས་ཅན་ཚོས་སྐབས་འཕྲལ་གྱི་སྨན་ཁང་སྐྲུན་པ་དང་ནད་ཁྲི་མང་དུ་གཏོང་བར་རམ་འདེགས་བྱས་པ་ལས་ནད་ལྕིའི་ནད་པ་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ཡོད་ཅེས་བརྗོད།
     ཧོ་ཏུན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འཇབ་རྒོལ་ཕོག་མ་ཐག་ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་ཡོངས་ལ་དུས་ཐོག་ཏུ་ཉེན་བརྡ་བཏང་མོད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གིས་ཉེན་བརྡ་བཏང་བ་སྣང་མེད་དུ་བཏང་ཡོད། དེས་ན་ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཁག་དཀྲི་ཀྲུང་གོར་བཏགས་པའི་གཏམ་སྤྱོད་དེའི་ལོ་རྒྱུས་བསྐྱར་དུ་བྲིས་དགོས་པ་སྟེ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་སྣང་ཆུང་དུ་བཏང་བ་ལས་ཕམ་ཉེས་བྱུང་བ་དེ་རེད་ཅེས་བཤད།