འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཨ་ཟེར་བྷེ་ཇན་དུ་འབྱོར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་4ཉིན་ཨ་ཟེར་བྷེ་ཇན་ལ་སྐྱོད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུར་དུ་འབྱོར་བ་དང་། ཨ་ཟེར་བྷེ་ཇན་སྲིད་གཞུང་གི་གདན་ཞུས་ལྟར་དེ་གའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་ནང་ཞུགས་རྒྱུ་རེད།
     ད་རེས་ཨ་ཟེར་བྷེ་ཇན་ལ་སྐྱོད་མཁན་རིགས་གཅིག་མཁས་ཅན་མི་བཅུ་པོ་དག་ནི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་རིམས་ནད་རིག་པ་དང་། དབུགས་འབྱིན་རྔུབ་དང་ནད་ལྕིའི་གསོ་རིག ནད་ལྕིའི་གསོ་རིག་སོགས་ཚན་ཁག་གི་ལས་སྒོའི་རྐང་འཛིན་པ་ལས་གྲུབ་པ་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ལ་ཞལ་འདེབས་བརྒྱབ་པའི་སྨན་བཅོས་འགོག་སྲུང་དངོས་ཟོག་ཁག་གཅིག་གནམ་གྲུ་དེ་དང་མཉམ་དུ་འབྱོར་ཟིན་ཡོད་པ་རེད།