འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅།།ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་སྐམ་སའི་སློབ་མ་ཐའེ་ཝན་དུ་ལོག་རྒྱུ་བཀག་པ་ལ་ཀུན་གྱིས་སྐྱོན་བརྗོད་
དྲག་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་6ཉིན། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ཕྱི་རྒྱལ་གྱི་སློབ་མ་མངའ་ཁོངས་སུ་ཡོང་བའི་རེ་ཞུ་དང་ལེན་བྱས་པ་དང་། སྐམ་སའི་སློབ་མ་ཕྱིར་ལོག་པར་བཀག་སྡོམ་བྱས་པས། ཐའེ་ཝན་ལས་རིགས་ཁག་གིས་དེའི་ཐད་ལ་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ལས་ཆབ་སྲིད་གཙོར་བྱས་པ་དང་བཙན་པོ་དབང་ཡོད་ཀྱི་སློབ་གསོའི་མཐོང་ཆུང་རང་བཞིན་གྱི་བྱ་སྤྱོད་སྤེལ་བ་ལ་སྐྱོན་བརྗོད་དྲག་པོ་བྱས་པ་རེད།
   འདིའི་གོང་དུ་ད་ལོའི་ཕྱི་རྒྱལ་གྱི་སློབ་ཐོན་སློབ་མ་མངའ་ཁོངས་སུ་ཡོང་བའི་རེ་ཞུ་དང་ལེན་བྱེད་པའི་རྨང་གཞིའི་ཐོག ཐའེ་ཝན་དབང་འཛིན་ལས་ཁུངས་སློབ་གསོ་ལས་དོན་གཙོ་སྐྱོང་སྡེ་ཁག་གིས་ཚེས་5ཉིན་ཐའེ་ཝན་ཆེད་ལས་སློབ་གྲྭ་ཆེན་མོ་ཁག་ལ་བརྡ་ཐོ་བཏང་ནས། ཁྱོན་ཡོངས་ནས་ཕྱི་རྒྱལ་གྱི་ད་ལོའི་སློབ་ཐོན་སློབ་མ་མ་ཡིན་པ་ཐའེ་ཝན་དུ་སློབ་གཉེར་བྱེད་བཞིན་པའི་ཡོན་གནས་སློབ་མར་རིམས་ནད་ཞིབ་བཤེར་བྱས་ནས་སློབ་གྲྭར་ཡོང་བར་སྒོ་འབྱེད་པ་ཁྱབ་བསྒྲགས་བྱས་ཀྱང་། ཐའེ་ཝན་སྨྱན་སྦྱོར་ལ་གནས་ཚུལ་གསལ་བཤད་བྱེད་སྐབས་སུ་འབྲེལ་ཡོད་འགན་འཁུར་བ་གཞན་གྱིས་སྐད་བཏང་ནས་ཕྱི་ལ་བུད་སོང་། ཕྱིར་ལོག་རྗེས་དེ་སྔ་བཤད་པ་ལ་འགྱུར་ལྡོག་བྱུང་ཞིང“ངོགས་གཉིས་ཀྱི་འབྲེལ་ཡོད་དོན་དག་ཁ་ཤས་ཐད་བསམ་བློ་གཏོང་བར་གཞིགས་ནས”སློབ་གཉེར་བྱེད་བཞིན་པའི་སྐམ་སའི་སློབ་མ་མངའ་ཁོངས་སུ་ཡོང་རྒྱུར་ད་དུང་འགོག་རྒྱུ་ཡིན་པ་བཤད།
    སྡེ་ཁག་དེའི་འགན་འཁུར་བས་ཚེས་6ཉིན་བཤད་དོན། སྐམ་སའི་དོན་དག་གཙོ་སྐྱོང་སྡེ་ཁག་གིས་སྐམ་སའི་སློབ་མར་སྒོ་འབྱེད་དགོས་ན། ད་ལྟའི་དུས་རིམས་ལ་དཔྱད་དཔོག་གཟབ་ནན་་བྱ་་དགོསས་པ་འདོད། སྐམ་སའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཚེས་6ཉིན་ད་ལྟའི་དུས་རིམ་གྱི་རིམས་ནད་ལ་བསམ་གཞིགས་བྱེད་དགོས་པ་དང་། ད་དུང་“སྐམ་སས་སློབ་མ་མངགས་མིན་ཐད་ལ་དོགས་པ་ཡོད”པ་བཤད།
    སྐམ་སའི་སློབ་མ་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་ལ་ལས་རིགས་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས།
   ཀྲུང་གོ་གོ་མིན་ཏང་གིས་ཚེས་6ཉིན་སྤེལ་བའི་གསར་འགྱུར་ཐོག་བསྟན་དོན། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཁ་གསལ་ལ་མི་གསལ་བའི་“ངོགས་གཉིས་ལ་བསམ་བློ་གཏོང་བ”ཟེར་ནས་སྐམ་སའི་སློབ་མར་མཐོང་ཆུང་བྱས་པ་ནི། ཆེད་ལས་ཀྱི་དཔྱད་དཔོག་ལ་མ་གཞིགས་པ་མ་ཟད་ད་དུང་ཆབ་སྲིད་བསམ་གཞིགས་ཀྱིས་ཕྱི་རྒྱལ་གྱི་སློབ་མ་སུ་ཞིག་ཐའེ་ཝན་དུ་ལོག་ནས་སློབ་གཉེར་ཆོག་པ་ཐག་གཅོད་པ་ནི་རང་འགན་གཞན་དཀྲི་བྱེད་པའི་ཐབས་ཤེས་ལས་སླ་ཤོས་ཤིག་རེད། སྐམ་སའི་སློབ་མ་ལ་མཐོང་ཆུང་བྱས་པ་ལས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་མ་ཟད། སྔར་བས་གནད་དོན་མང་པོ་བཟོ་སྲིད།
   ཐའེ་ཝན་《མཉམ་འབྲེལ་ཚགས་པར》གྱི་སྤེལ་བའི་དཔྱད་གཏམ་ལས་བསྟན་དོན། ཐེངས་འདིའི་སྐམ་སའི་སློབ་མར་མཐོང་ཆུང་དྲག་པོ་བྱེད་པའི་སྲིད་ཇུས་ལས། དེ་ནི་ངོགས་གཉིས་ཀྱི་འབྲེལ་ཡོད་ཆབ་སྲིད་ལ་བསམ་གཞིགས་ཡིན་པ་ད་གཟོད་གསལ་པོ་བཤད་པ་རེད། སྐམ་སའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་ཁྲེན་མིང་ཐང་གིས་གསལ་འགྲེལ་བྱེད་སྐབས་རིམས་འགོག་དམིགས་སུ་བཀར་ནས་བཤད་ཡོད་་ནའང་། རིམས་འགོག་གི་རྒྱུ་མཚན་དང་ཡང་ན་ཆབ་སྲིད་ཀྱི་རྒྱུ་རྐྱེན་གང་ཞིག་ཡིན་པ་གསལ་པོ་ཞིག་བཤད་ཐུབ་མེད།དཔྱད་གཏམ་ལས་བསྟན་དོན། སྐམ་སའི་སློབ་མ་མངའ་ཁོངས་སུ་ཡོང་བའི་སྲིད་ཇུས་ལ་ཡང་ཡང་འགྱུར་ལྡོག་བཏང་བ་ལས། མི་རྣམས་ལ་གྲོས་ཆོད་རྙོག་འཛིང་ཆེ་བ་དེ་མཐོང་བཅུག་པ་མ་ཟད་ད་དུང་རིམས་ནད་སྔོན་འགོག་ལས་ཆབ་སྲིད་གཙོར་བྱས་པ་དང་བཙན་པོ་དབང་ཡོད་ཀྱི་སློབ་གསོའི་མཐོང་ཆུང་བྱས་པར་མཐོང་བར་བཅུག་ཡོད།
   ད་ལོའི་ཟླ་2པ་ནས་བཟུང་ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་རིམས་འགོག་པར་ཁ་གཡར་ནས། ཐའེ་ཝན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སློབ་མ་སློབ་གྲྭར་ལོག་པ་དང་ཕྱི་རྒྱལ་གྱི་ཚོང་དོན་སོགས་མི་སྣ་ཐའེ་ཝན་དུ་ཡོང་སྐབས་“སྐམ་ས་ཆེན་མོ་གཅིག་པུར་བཀག་སྡོམ་”ཡང་ཡང་བྱས་པས་ཐའེ་ཝན་ལས་རིགས་ཁག་གིས་བསྟུད་མར་སྐྱོན་བརྗོད་དྲག་པོ་་བྱས་པ་རེད།