འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅།།པེ་ཅིན་གྱིས་“ཡེའུ་ཁུའུ”དང་“ཨའེ་ཆི་དབྱི”ཡི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སྲིད་འཛིན་
ཆད་པ་བཅད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། “རྒྱལ་སའི་གསར་འགྱུར་དཔེ་བསྐྲུན”སྐད་འཕྲིན་སྤྱི་སྟེགས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་བརྙན་ལམ་སྤྱི་སྟེགས“ཡེའུ་ཁུའུ”དང་“ཨའེ་ཆི་དབྱི”ལ་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཡོད་པའི་ཐད་ལ་གཅིག་འདུས་ཞིབ་བཤེར་བྱས་པ་དང་། ཁྱོན་བསྡོམས་སྒྲིག་འགལ་གྱི་བྱ་སྤྱོད་6རྙེད་པ་དང་། དེར་སྲིད་འཛིན་ཆད་པ་6བཅད་ཡོད།
    ཞིབ་ཕྲའི་གནས་ཚུལ་ནི་གཤམ་གསལ་ལྟར།
    1.“ཡེའུ་ཁུའུ”ཕབ་ལེན་ནང་འཇུག་བྱེད་སྐབས་བརྙན་སྒྲའི་ལེ་ཚན་གྱི་དྲ་ཚིགས་གཞན་“ཨའེ་མེ་ཅུད་”ཀྱི་བརྙན་འཕྲིན་ཟློས་གར་ཞིག་འབྲེལ་མཐུད་བྱས་པས་ན་བརྙན་འཕྲིན་ཟློས་གར་དེའི་ནང་སྐྱེས་པ་དང་བུད་མེད་ཀྱི་ཆགས་སྤྱོད་པར་རིས་ཡོད་པ་དང་། འཆལ་རྩེད་ཀྱི་ཡི་གེའི་ནང་དོན་ཡོད་པས་བརྒྱུད་གཏོང་དང་། སྦྲེལ་མཐུད། འདུ་སྦྱོར། ཕྱོགས་བསྡུས་བཅས་ཀྱི་ཁྲིམས་འགལ་གྱི་རླུང་འཕྲིན་བརྙན་འཕྲིན་འཕྲིན་ལམ་དང་བརྙན་སྒྲའི་ལེ་ཚན་དྲ་ཚིགས་ཀྱི་ནང་དོན་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་པས་དེར་ཐ་ཚིག་སྒྲོག་པ་དང་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད་པ་རེད།  
    2.“ཡེའུ་ཁུའུ”ཕབ་ལེན་ནང་འཇུག་ལ་མ་རབས་ཐ་ཤལ་གྱི་ནང་དོན་ལྡན་པའི་གླུ་གཞས་གཉིས་དང་དེ་བཞིན་དུག་རྫས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་གླུ་གཞས་ཡོད་པ་དང་། གཉེར་སྐྱོང་རང་བཞིན་གྱི་མཉམ་འབྲེལ་དྲ་རྒྱའི་རིག་གནས་སྡེ་ཚན་གྱིས་བཀག་སྡོམ་བྱེད་པའི་ནང་དོན་གྱི་མཉམ་འབྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་མཁོ་འདོན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པས་དེར་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད།  
   3.“ཡེའུ་ཁུའུ”ཕབ་ལེན་ནང་འཇུག་ལ་ན་མ་སོན་པའི་མིར་ཁྲིམས་འགལ་ཉེས་གསོག་དང་དྲག་ཤུགས་འུད་སྒྲོག་བྱེད་པ་དང་། འདོད་ལོག འཇིགས་སྐུལ་བྱ་སྤྱོད་ཀྱི་རོལ་རྩེད་བརྙན་ལམ་3སོགས་ཀྱི་མཉམ་འབྲེལ་དྲ་རྒྱའི་བརྙན་སྒྲའི་ལེ་ཚན་ཡོད་པ་དང་བརྒྱུད་བསྒྲགས་བྱེད་པའི་བརྙན་སྒྲའི་ལེ་ཚན་གྱི་བཀག་སྡོམ་ནང་དོན་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་པས། ཐ་ཚིག་སྒྲོག་པ་དང་དེ་བཞིན་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད། 
   4.“ཨའེ་ཆི་དབྱི”ཕབ་ལེན་ནང་འཇུག་ལ་ན་མ་སོན་པའི་མིར་ཁྲིམས་འགལ་ཉེས་གསོག་དང་དྲག་ཤུགས་འུད་སྒྲོག་བྱེད་པ་དང་། འཇིགས་སྐུལ་བྱ་སྤྱོད་སོགས་ཀྱི་ནང་དོན་ཡོད་པའི་དྲ་རྒྱའི་རོལ་རྩེད་ཀྱི་གསལ་འགྲེལ་བརྙན་ལམ་གཉིས་ཡོད་པ་དང་བརྒྱུད་བསྒྲགས་བྱེད་པའི་བརྙན་སྒྲའི་ལེ་ཚན་གྱི་བཀག་སྡོམ་ནང་དོན་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་པས། ཐ་ཚིག་སྒྲོག་པ་དང་དེ་བཞིན་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད།  
   5.“ཨའེ་ཆི་དབྱི”ཕབ་ལེན་ནང་འཇུག་ལ་ཉེས་གསོག་ངན་སྐུལ་གྱི་ནང་དོན་འདུས་པའི་་རོལ་དབྱངས་MVགཉིས་དང་། གཉེར་སྐྱོང་རང་བཞིན་གྱི་མཉམ་འབྲེལ་དྲ་རྒྱའི་རིག་གནས་ཚན་པས་བཀག་སྡོམ་གྱི་ནང་དོན་ལྡན་པའི་མཉམ་འབྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་མཁོ་འདོན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པས་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད།
    6.“ཨའེ་ཆི་དབྱི”ཕབ་ལེན་ནང་འཇུག་ལ་བཀག་སྡོམ་གྱི་ནང་དོན་ལྡན་པའི་ལེའུ་5ཡོད་པའི་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པའི་དངོས་མཚོན་གློག་བརྙན་ཡོད་པ་དང་བརྒྱུད་བསྒྲགས་བྱེད་པའི་བརྙན་སྒྲའི་ལེ་ཚན་གྱི་བཀག་སྡོམ་ནང་དོན་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་པས་ཐ་ཚིག་སྒྲོག་པ་དང་དེ་བཞིན་མི་དམངས་ཤོག་སྒོར་ཁྲི་3གྱི་སྲིད་འཛིན་ཆད་པ་བཅད་ཡོད།