འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཨ་རིའི་ཕྱོགས་དང་ངན་འབྲེལ་བྱེད་པ་ནི་ཉེན་ཁ་
ཧ་ཅང་ཆེན་པོ་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་5ཉིན། ཨ་རི་འཕྲོད་བསྟེན་དང་སྤྱི་པའི་ཞབས་ཞུ་པུའུ་ཡི་འགོ་འཛིན་ཨ་ཏྲ་ཉེ་ཆར་ཐའེ་ཝན་ཏུ་འཚམས་འདྲིར་འགྲོ་རྒྱུའི་ཆ་འཕྲིན་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་དེའི་ཐད་ཀྱི་དྲི་བར་ལན་བཏབ་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱ་མི་ཆོག ང་ཚོས་ཨ་རིར་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྩ་དོན་བརྩི་སྲུང་བྱས་ནས། མཐའ་གཅིག་ཏུ་ཨ་རི་དང་ཀྲུང་གོའི་ཐའེ་ཝན་ས་ཁུལ་བར་གཞུང་ཕྱོགས་ཀྱི་འགྲོ་འོང་སྤེལ་བར་ངོ་རྒོལ་བྱ་རྒྱུ་ཡིན།
   མཱ་ཞའོ་ཀོང་གིས། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཕྱི་རྒྱལ་ལ་བརྟེན་ནས་རང་བརྩི་དང་། མིག་མངས་རྡེའུ་བྱས་ནས། ཨ་རི་ཕྱོགས་དང་ངན་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་སྒེར་ཕན་ཐོབ་ཐབས་བྱེད་པ་དེས་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་ལ་གནོད་ཀྱི་ཡོད། ཉེན་ཁ་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་འགྲུབ་ཐབས་མེད་པ་བསྟན།