འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎2020ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་19ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་3ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཞོ་སྟོན་ཟླ་8ཚེས་19ནས་25ཉིན་བར་ལྷ་སར་གཉེར་རྒྱུ་དང་། ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། མིག་མངས་འགྲན་བསྡུར། གནམ་མཚོའི་རྐང་ཐང་འདུ་ཚོགས། གྲགས་ཅན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་རྣམ་གྲངས་9ཡི་བྱེད་སྒོ་སྤེལ་རྒྱུ་རེད། འདི་ལོའི་ཞོ་སྟོན་གྱི་བརྗོད་དོན་གཙོ་བོ“སྤྲོ་སྣང་ལྡན་པའི་ཞོ་སྟོན། བདེ་ཐང་གི་ལྷ་ས”ཞེས་པ་དེ་རེད།
     སྔོན་ཆད་དང་བསྡུར་ན། འདི་ལོའི་ཞོ་སྟོན་ལ་དམངས་ཕན་ཐོན་རྫས་གཤམ་སྤེལ་གྱི་བྱེད་སྒོ་གསར་དུ་བསྣན་ཡོད། འགྲེམས་ཚོང་བྱེད་སྒོར་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཚོང་ཟོག་གཅིག་སྡུད་སྟོན་རྒྱུར། རང་བྱུང་འཐུང་ཆུ་དང་། ནས་ཆང་། ས་མཐོའི་དཀར་ཆུའི་ཐོན་རྫས། ཚགས་ཤ། བོད་བྱ། བོད་སྨན་གྱི་སྨན་རྒྱུ། རིག་གནས་བསམ་བཀོད་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་སོགས་ཚུད་ཡོད། གཞན་ཡང་འགྲེམས་ཚོང་གི་བྱེད་སྒོར་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་སྤྱོད་མཁན་གྲོང་མིས་སྒོར་300ཡི་ཅ་དངོས་ཉོས་ཚེ་སྒོར་150གཅོག་པའི་གཟིགས་སྐྱོང་ཡོད་པ་རེད།