འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎མཚོ་སྔོན་གྱིས་ཐུམ་འབུའི་ནད་གཤག་བཅོས་ཀྱི་ནད་པ“གཙང་སེལ”གྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་གཤག་བཅོས་ཀྱི་ནད་པ‘གཙང་སེལ’གྱི་བྱ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ”མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་གཉེར་བ་རེད། བྱ་སྤྱོད་དེ་གྲོང་ཁྱེར་དང་ཀྲོའུ་ཚན་པར་བྱས་ཏེ། འདི་ལོའི་ཟླ་11པར་ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་ཐུམ་འབུའི་ནད་གཤག་བཅོས་ཀྱི་ནད་པར་སྨན་བཅོས་ཟིན་པ་བྱ་རྩིས་ཡོད་པ་རེད།
     ད་རེས་ཀྱི་བྱ་སྤྱོད་དེ་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་བཅས་ཀྱིས་གཙོ་བོར་བྱས་པ་དང་། ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཧྲི་ཏུང་ཅ་ཧུང་གི་ཚོགས་པ་དང་། མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་མཚོ་སྐྱོར་སྨན་བཅོས་རུ་ཁག གྲོང་ཁྱེར་དང་ཀྲོའུ་ཁག་གི་ཐུམ་འབུའི་ནད་ཀྱི་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་གི་ལག་རྩལ་སྟོབས་ཤུགས་བཅས་མཉམ་འབྲེལ་གྱིས་གྲོང་ཁྱེར་དང་ཀྲོའུ་ཁག་དང་། རྫོང་། ཤང་གྲོང་། གྲོང་ཚོ་དང་སྡེ་ཁུལ་ཁག་བཅས་ཀྱིས་རང་འགན་གཙང་སྒྲུབ་དང་ཁག་བགོས་འགན་གཙང་བླངས་ནས། ནད་པ་ཡོད་དོ་ཅོག་ལ་སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་པའི་རྨང་གཞིའི་ཐོག ལོ་འདིའི་ནང་ཞིང་ཆེན་ཡོངས་ནས་ད་ལྟ་གཤག་བཅོས་དང་སྐྱོབ་བཅོས་བྱེད་དགོས་པའི་ནད་པར་གཅིག་སྡུད་སྨན་བཅོས་བྱས་ནས། སྨན་བཅོས་བྱེད་དགོས་རིགས་ཚང་མར་སྨན་བཅོས་བྱས་ཏེ་དུས་བཀག་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བ་བྱེད་རྒྱུ་རེད།