འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎“མཚོ་སྔོན་གྱི་ཐོན་རྫས་གཅིག་སྡུད”ཀྱིས་མཚོ་སྔོན་གྱི་འཛད་སྤྱོད་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎“མཚོ་སྔོན་གྱི་ཐོན་རྫས་གཅིག་སྡུད”ཀྱིས་མཚོ་སྔོན་གྱི་འཛད་སྤྱོད་དབུལ་སྐྱོར་ལ་རམ་འདེགས་བྱས་པ།
     ཉེ་ཆར། རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་གྱི་མཚོ་སྔོན་ཀུན་གཏོད་རྟེན་གཞིས“སྲིད་གཞུང་གིས་ལས་སྟེགས་གཏོད་པ་དང་། ཁེ་ལས་ཀྱིས་ཟློས་གར་འཁྲབ་པ། ཁྲོམ་ར་ཅན་གྱི་གཉེར་སྐྱོང”བཅས་ཀྱི་རྣམ་པར་བརྟེན་ནས“མཚོ་སྔོན་གྱི་ཐོན་རྫས་གཅིག་སྡུད”ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་བཏོད་དེ། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་རིན་མེད་ངང་ལས་སྟེགས་སུ་ནང་འདྲེན་དང་། འཛད་སྤྱོད་ལ་བརྟེན་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་དབུལ་སྐྱོར་དོན་འཁྱོལ་བཅས་བྱས་ནས། མཚོ་སྔོན་གྱི་རྫོང་དབུལ་པོ་39དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁེ་ལས་200ལྷག་ཙམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང། འདི་ནི་ལྟད་མོ་བས“མཚོ་སྔོན་གྱི་ཐོན་རྫས་གཅིག་སྡུད”ཀྱི་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་གྱི་མཚོ་སྔོན་ཀུན་གཏོད་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།