འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་པའེ་ཧྲི་ཏེ་ཁྲིམས་ལྟར་འཛིན་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་པའེ་ཧྲི་ཏེ(ཐིང་རིམ་པ་གཞོན་པ)ལ་ལྐོག་རྔན་ལེན་སྤྲོད་དང་ཁྲིམས་དང་མ་མཐུན་པར་རྫས་མདེལ་རང་དགར་ཉར་བའི་དོགས་གཞི་ཡོད་པའི་གྱོད་གཞིར་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་ཞིབ་བྱེད་མཇུག་འགྲིལ་རྗེས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་འབུལ་རྒྱུ་རེད།
     ཉེ་ཆར། མཚོ་སྔོན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་ལེན་སྤྲོད་དང་ཁྲིམས་དང་མ་མཐུན་པར་རྫས་མདེལ་རང་དགར་ཉར་བའི་ཉེས་པ་བསགས་པའི་དོཌ་གཞི་ཡོད་པའི་ཉེས་གསོག་དོགས་ཅན་པའེ་ཧྲི་ཏེ་ཁྲིམས་ལྟར་འཛིན་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་དེ་སྒྲུབ་གཉེར་མཐའ་གསལ་བྱེད་བཞིན་ཡོད་པ་རེད།