འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིས་མངའ་ཁོངས་ཕྱིར་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་སྤེལ་བར་
ཕྱོགས་ཡོངས་ནས་གསལ་བཤད་བྱ་རྒྱུའི་ལྕག་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་རིས་རྒྱལ་ཁབ་མི་ཉུང་བ་ཞིག་ལ་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་སྤེལ་བར་དོགས་འདྲི་དང་ངོ་རྒོལ་བྱེད་མཁན་རྒྱ་ཁྱབ་ངང་བྱུང་ཡོད། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་དོ་སྣང་བྱས་ཏེ། མངའ་ཁོངས་ཕྱིའི་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་ཕྱོགས་ཡོངས་ནས་གསལ་བཤད་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།
     གསར་འགོད་པས། བར་སྐབས་ཤིག་རིང་། ཨ་རིས་མངའ་ཁོངས་ཕྱིར་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་སྤེལ་བར་དོ་སྣང་ཆེན་པོ་བྱུང་ནས། དོགས་འདྲི་དང་ངོ་རྒོལ་བྱེད་མཁན་ཡང་མང་པོ་བྱུང་ཡོད། དཔེར་ན། ཉེ་དུས་ཧན་གོའི་སྨྱན་སྦྱོར་གྱིས་ཧན་གོར་བཅའ་སྡོད་ཨ་དམག་གིས《སྐྱེ་དངོས་མཚོན་ཆ་བཀག་འགོག་སྤྱི་ཆིངས》ལས་འགལ་བའི་བྱེད་སྤྱོད་བསྟུད་མར་དམར་འདོན་བྱས་ཡོད། སྤྱི་ཚོགས་ཀྱི་ཚོགས་པ་མང་པོས་ཧན་གོར་བཅའ་སྡོད་ཨ་དམག་གི་འབྲེལ་ཡོད་ཚོད་ལྟ་ཁང་སྒོ་རྒྱག་དགོས་པ་དང་། ཧན་གོར་བཅའ་སྡོད་ཨ་དམག་གི་འབྲེལ་ཡོད་དཔུང་སྡེ་ཕྱིར་འབུད་བྱེད་དགོས་པའི་རེ་བ་བཏོན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
     དབང་ཝུན་པིན་གྱིས་ཨ་རིས་རྒྱལ་ཁབ་མི་ཉུང་བ་ཞིག་ལ་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་སྤེལ་བར་དོགས་འདྲི་དང་ངོ་རྒོལ་བྱེད་མཁན་རྒྱ་ཁྱབ་ངང་བྱུང་ཡོད། དེའི་རྒྱུ་མཚན་གཙོ་བོ་གསུམ་ཡོད་པ་སྟེ། གཅིག་ནི་ཕྱི་གསལ་ནང་གསལ་མེད་པ། དོ་བདག་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིའི་དམག་དཔུང་གི་ཚོད་ལྟ་ཁང་གིས་ཡང་སྙིང་གང་ཞིག་བྱེད་ཀྱི་ཡོད་པ་ཤེས་ཀྱི་མེད། མངའ་ཁོངས་ཕྱིའི་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་སྤེལ་མཁན་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པའི་ཨ་རི་ཕྱོགས་ཀྱིས《སྐྱེ་དངོས་མཚོན་ཆ་བཀག་འགོག་སྤྱི་ཆིངས》ལ་ཕུལ་བའི་ཡིད་རྟོན་བྱེད་ཐབས་འཛུགས་པའི་དཔྱད་གཞིའི་ཐོག་ཡིག་འབྲུ་གཅིག་ཀྱང་བྲིས་མེད། གཉིས་ནི་བདེ་འཇགས་མེད་པ། ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་མང་པོ་ཞིག་ཉེན་ཁ་ཆེ་བའི་ནད་ཀྱི་གཞི་རྐྱེན་དང་འབྲེལ་བ་ཟབ་མོ་ཡོད། གལ་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཐོན་ཚེ་དོ་བདག་རྒྱལ་ཁབ་དང་དེ་བཞིན་དེའི་ཁྱིམ་མཚེས་རྒྱལ་ཁབ་དང་ཐ་ན་འཛམ་གླིང་ཡོངས་ལ་གོད་ཆག་རང་བཞིན་གྱི་མཇུག་འབྲས་ངན་པ་ཐོན་རྒྱུ་རེད། གསུམ་ནི་ལུགས་མཐུན་མེད་པ། གོ་ལ་ཧྲིལ་པོར་བལྟས་ན། ཨ་རིས་དམག་དཔུང་ཕྱོགས་གཙོ་ཁྲིད་དུ་བྱས་ནས་འཛམ་གླིང་ཡོངས་ལ་སྐྱེ་དངོས་ཚོད་ལྟ་ཁང་བསྐྲུན་པ་དང་མངའ་ཁོངས་ཕྱི་ནས་སྐྱེ་དངོས་ཀྱི་ཐོན་ཁུངས་འཛེམ་བག་མེད་པར་འཚོལ་བསྡུ་བྱེད་པ་དང་། 《སྐྱེ་དངོས་མཚོན་ཆ་བཀག་འགོག་སྤྱི་ཆིངས》ཀྱི་ཞིབ་དཔྱད་གྲོས་དོན་ཡི་གེའི་གྲོས་མོལ་ལ་ངོ་རྒོལ་བྱེད་མཁན་ཨ་རི་གཅིག་པུ་ལས་མེད། ཨ་རི་ཕྱོགས་ཀྱིས་རྒྱུ་མཚན་གསེད་བཀྲོལ་ཇི་ལྟར་བྱས་རུང་རང་ཁུངས་རང་སྐྱེལ་བྱེད་མི་ཐུབ་ཅེས་བརྗོད།
     ང་ཚོས་ཨ་རི་ཕྱོགས་ཀྱིས་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། འགན་ཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་དོ་སྣང་བྱས་ཏེ་མངའ་ཁོངས་ཕྱིའི་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྤྱོད་ཕྱོགས་ཡོངས་ནས་གསལ་བཤད་བྱེད་པ་དང་སྦྲགས《སྐྱེ་དངོས་མཚོན་ཆ་བཀག་འགོག་སྤྱི་ཆིངས》ཀྱི་འོས་འགན་ཏན་ཏིག་ངང་བསྒྲུབ་ནས་སྤྱི་ཆིངས་ཞིབ་དཔྱད་གྲོས་དོན་ཡི་གེའི་གྲོས་མོལ་ལ་བཀག་འགོག་བྱེད་མཚམས་འཇོག་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད།