འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎ཕྱི་འབྲེལ་པུས་རྒྱ་གར་ཕྱོགས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་ཐུན་
མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     གནས་ཚུལ་སྤེལ་བར་གཞིགས་ན། ཚེས་2ཉིན་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲེང་གིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་ཙམ་མ་ཟད་འཛམ་གླིང་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་གཉིས་པོས་ཕན་ཚུན་དོ་ཁུར་བྱེད་པ་དང་ཁེ་ཕན་གནས་ཡུལ་ལ་ངེས་པར་དུ་གོ་བ་འཕྱུགས་པ་མེད་པ་ལེན་དགོས། མཐའ་མཚམས་ས་ཁུལ་ཞི་བདེ་དང་ལྷིང་འཇགས་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་རིམ་བཞིན་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་གཏན་བཞིན་ཡོང་བ་བྱ་རྒྱུ་ནི་སྐབས་རིམ་བྱུང་གི་རྒྱ་གར་སྲིད་གཞུང་གིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་རྨང་གཞི་ཡིན། མཐའ་མཚམས་ས་ཁུལ་གྱི་གནས་སྟངས་དང་ཕྱོགས་གཉིས་པོའི་འབྲེལ་བ་ཁ་འབྲལ་ཐབས་མེད། ཀྲུང་གོར་དོ་མཉམ་ཡོང་བ་བྱ་རྒྱུ་ལས་སླ་བའི་བྱ་བ་ཞིག་མིན་པས། རྒྱ་གར་ཕྱོགས་ཀྱིས་རང་ངོས་ཀྱི་ལངས་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ནའང་། འགག་རྩ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་དེ་བས་མཐོང་ཆེན་བྱེད་འཇུག་རྒྱུ་དེ་ཡིན་ཞེས་བརྗོད།
     དེར་བརྟེན་དབང་ཝུན་པིན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་དཔལ་འབྱོར་སྒྲིག་གཞི་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་དང་རྒྱ་གར་གྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་རྒྱལ་ཁབ་གཉིས་པོའི་རང་ངོས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་མ་ཟད། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་བརྟན་པོའི་རང་བཞིན་དང་དྲང་ནུས་ཁ་སྣོན་ཐུབ་རྒྱུ་རེད། “ཕྱོགས་གཉིས་པོས་མཐའ་མཚམས་ཀྱི་གནད་དོན་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འོས་འཚམ་གྱི་གནས་བབ་ཐོག་ཐོག་མཐའ་བར་གསུམ་དུ་བཞག་ནས་ལྟ་བ་མི་མཐུན་པ་དེ་རྩོད་གཞིར་མི་འགྱུར་བ་བྱེད་དགོས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།