འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་ཏོག་དབྱིབས་
ནད་དུག་གསར་པ་སྲོག་ཆགས་ནས་འགོ་བའི་འབྱུང་ཁུངས་མཉམ་དུ་འཚོལ་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་3ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚུད་པའི་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་ཏོག་དབྱིབས་ནད་དུག་གསར་པ་སྲོག་ཆགས་ནས་འགོ་བའི་འབྱུང་ཁུངས་མཉམ་དུ་འཚོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཏེ་སའེ་ཡིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཏོག་དབྱིབས་ནད་དུག་གསར་པའི་འབྱུང་ཁུངས་སོགས་ཀྱི་གནད་དོན་ཐད་ཉེ་ཆར་ཀྲུང་གོར་བསྐྱོད་པའི་སྔོན་སྐྱོད་ཚོགས་ཆུང་གིས་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ཡོད། དེའི་རྨང་གཞིའི་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚུད་པའི་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་འབྲེལ་ཡོད་ཞིབ་འཇུག་མུ་མཐུད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲལ་སྡོམ་རྣམ་གྲངས་ཀྱི་འགན་འཁུར་བ་མའེ་ཁེར·རུའེ་ཨན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག ཝུའུ་ཧན་གྱིས་ཏོག་གསར་རིམས་ནད་སྔོན་ལ་སྙན་སེང་ཞུས་ཡོད་ཀྱང་ཝུའུ་ཧན་ནི་ཏོག་དབྱིབས་ནད་དུག་གསར་པ་སྲོག་ཆགས་ནས་མིར་འགོས་པའི་ས་ཆ་ཡིན་པའི་ངེས་པ་མེད། དེར་བརྟེན་གྲངས་གཞི་དང་དཔང་རྟགས་དེ་བས་མང་ཙམ་འཚོལ་བསྡུ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་པ་དེ་ས་ཆ་གང་ཞིག་ནས་སྲོག་ཆགས་དང་མི་དབར་གྱི་དངོས་རིགས་སྲུང་ཡོལ་ལས་སྒྲོལ་བ་ཡིན་པ་རིགས་པས་ཁུངས་སྐྱེལ་བྱེད་དགོས་ཞེས་བརྗོད་པ་རེད།