འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎ཨ་རིའི་སྲིད་ཚོང་པའི་གཏམ་སྤྱོད་ཉེན་ཁ་ཆེ་ལ་གཏོར་བཤིག་རང་བཞིན་ལྡན་པ།

—— ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གྱི་ཀྲུའུ་ཞི་ཅིའུ་ཅཱ་ནུའོ་ཧྥུའུ་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གྱི་ཀྲུའུ་ཞི་ཀེན་ནཱ་ཅི·ཅིའུ་ཅཱ་ནུའོ་ཧྥུའུ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་གང་སར་མཆེད་པ་དང་ཨ་རིའི་འདེམས་བསྐོ་ཆེ་མོ་སླེབས་ཉེར་ཡོད་པ་སོགས་ཀྱི་གནས་ཚུལ་འོག ཨ་རིས་ཀྲུང་གོ་དང་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱ་ཁྱབ་མི་བྱེད་པ་མ་ཟད། ད་དུང་ཀྲུང་གོར་དམའ་འབེབས་གཏོང་ཤུགས་ཆེ་རུ་བཏང་ནས། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་ཁག་གཅིག་དབར་དཀྲུག་ཤིང་བརྒྱབ་སྟེ་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བཟོ་རྩིས་བྱེད་ཀྱི་ཡོད། ཨ་རིའི་བྱེད་སྤྱོད་འདི“ཉེན་ཁ་ཧ་ཅང་ཆེ་བ་མ་ཟད་ད་དུང་གཏོར་བཤིག་རང་བཞིན་ལྡན་པ་ཞིག་ཡིན་པས་རྒྱལ་སྤྱིའི་དུས་བབ་དེ་བས་ཛ་དྲག་ཏུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།
     ཅིའུ་ཅཱ་ནུའོ་ཧྥུའུ་ཡིས། མིག་སྔར་ཀྲུང་གོར་མི་འདོད་པའི་ཨ་རིའི་བྱ་གླག་ཤོག་ཁག་ཤུགས་ཆེ་བས། “དཔའ་ངོམ་དཔུང་སྟོན་དང་རྫིག་ཉམས་ཆེ་མདོག་གི་གཏམ་སྤྱོད་རྒྱུན་དུ་ཐོས་རྒྱུ་ཡོད” ཨ་རིས་ཤིན་ཅང་དང་། བོད། ཤང་ཀང་བཅས་དང་འབྲེལ་བའི་གནད་དོན་ཐད་ངན་སྐུལ་དང་། ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་མཐོན་པོ་བསྡུ་བ། ཧྭ་ཝེ་དང་ཀྲུང་གོའི་ཀུང་སི་གཞན་དག་ལ་མཐོང་ཆུང་རང་བཞིན་གྱི་ལྟ་སྟངས་འཛིན་པ་སོགས་བྱས་མོད། ཡིན་ནའང“བྱེད་སྤྱོད་འདི་རིགས་ཀྱིས་ནུས་པ་ཅི་ཡང་ཐོན་མེད་པའི”ངོས་འཛིན་བྱས་པ་རེད།
     ཅིའུ་ཅཱ་ནུའོ་ཧྥུའུ་ཡིས། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཉིན་ཤས་གོང་གཏམ་བཤད་སྤེལ་སྐབས་ད་དུང་རྒྱལ་ཁབ་གཞན་དག་ཁག་གཅིག་ཀྲུང་གོར་འགྲན་རྒོལ་བྱེད་པའི་ནང་འཐེན་ནས། ཀྲུང་གོ་དང་རྒྱལ་ཁབ་དེ་དག་དབར་དཀྲུག་ཤིང་རྒྱག་རྩིས་བྱས་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་འདི“ཉེན་ཁ་ཧ་ཅང་ཆེ་བ་མ་ཟད་ད་དུང་གཏོར་བཤིག་རང་བཞིན་ལྡན་པ་ཞིག་རེད”ཅེས་བརྗོད་པ་རེད།
     ཀྲུང་གོའི་འཕེལ་རྒྱས་སྐོར་གླེང་སྐབས་ཅིའུ་ཅཱ་ནུའོ་ཧྥུའུ་ཡིས། མིག་སྔའི་དུས་བབ་ལ་དམིགས་ནས། “ཀྲུང་གོ་གུང་ཁྲན་ཏང་གིས་འགྲན་སློང་དང་འཇིགས་སྐུལ་མང་པོར་དཔྱད་དཔོག་ཡང་དག་བྱས་པ་དང་མི་རྣམས་བློ་མོས་ཡིད་ཆེས་ཡོང་བའི་བརྡ་ལན་བསློགས” “ཀྲུང་གོ་མདུན་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཀ་རྟེན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་རེད”ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་བརྟན་པོའི་ངང་སེལ་བ་དང་སྦྲགས། འཛམ་གླིང་ལ་ཇི་ལྟར་བྱས་ནས་དབུལ་ཕོངས་སེལ་བ་དང་ཚན་རྩལ་མཐོན་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ་ངོམ་བཞིན་ཡོད་ཅེས་བརྗོད་པ་རེད།
     ཨུ་ཀྲུང་དབར་གྱི་འབྲེལ་བའི་སྐོར་གླེང་སྐབས། ཅིའུ་ཅཱ་ནུའོ་ཧྥུའུ་ཡིས། འབྲེལ་ཐག་མང་པོ་ཞིག་གིས་རྒྱལ་ཁབ་གཉིས་པོ་དམ་པོར་སྦྲེལ་ཡོད། “ཨུ་རུ་སུས་ཨུ་ཀྲུང་དབར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་གི་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་སྲ་བརྟན་དུ་བཏང་ཚེ་ཨུ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སྔར་བས་ཡག་པོ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་རང་བརྟེན་འཕེལ་རྒྱས་འགན་ལེན་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།