༄༅༎ཧྥ་རན་སེའི་ལིའར་སོགས་གྲོང་ཁྱེར་གྱིས་བཙན་ཐབས་ངང“ཁ་རས་རྒྱག་དགོས་པའི་བཀའ་རྒྱ”བཏང་བ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 08ཚེས་06ཉིན། 10:27】 (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྔར་བས་སྐུལ་མ་གཏོང་བ་དང་སྦྲགས་ཉེ་ཆར་ཧྥ་རན་སེར་རིམས་ནད་བསྐྱར་ལོག་བྱུང་བས་ལིའར་སོགས་གྲོང་ཁྱེར་གྱིས་ཚེས་གསུམ་ཉིན་ནས་བཟུང་བཙན་ཐབས་ངང“ཁ་རས་རྒྱག་དགོས་པའི་བཀའ་རྒྱ”བཏང་བས། མི་བགྲོད་ལམ་བུ་དང་སྤྱི་གླིང་སོགས་ཕྱིའི་འདུ་འཛོམས་བྱ་ཡུལ་ཁག་གཅིག་ལ་དམངས་ཚོགས་ཀྱིས་ཁ་རས་ངེས་པར་དུ་རྒྱག་དགོས་ཀྱི་ཡོད།