འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།ཤང་ཀང་དུ་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་80མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འཕྲོད་བསྟེན་ཧྲུའི་འཕྲོད་བསྟེན་འགོག་སྲུང་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར། ཚེས་3ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་བར། ཤང་ཀང་དུ་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་80མང་དུ་ཕྱིན་པ་དེ་དག་ཚང་མ་ཡུལ་དེ་རང་ནས་འགོས་པའི་ནད་དཔེ་ཡིན་པ་རེད། རིམ་རྩིས་ལྟར་ན་ཤང་ཀང་དུ་སྙན་སེང་ཞུས་པའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་3589ཟིན་ཡོད་པ་རེད།
   འཕྲོད་བསྟེན་འགོག་སྲུང་ལྟེ་གནས་འགོས་ནད་ཁྲུའི་ཀྲུའུ་རེན་ཀྲང་ཀྲུའུ་ཅུན་གྱིས། གསར་འཕར་ནད་དཔེའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་རུང་ང་ཚོས་སྔར་བཞིན་ལྷོད་གཡེང་གཏོང་རྒྱུ་མེད། གྲོང་མིས་ལྷོད་གཡེང་བྱས་ཚེ་གཏན་འཁེལ་ནད་དཔེ་རེ་གཉིས་དེ་བས་མང་དུ་འགྲོ་སྲིད། དེར་བརྟེན་ཚང་མས་མུ་མཐུད་ཡིད་གཟབ་དང་དོགས་ཟོན་བྱས་ཏེ་རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།