འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།པེ་ཅིང་གིས་གད་སྙིགས་རིགས་དབྱེའི“སྲིད་ཇུས་གསར་པ”ལག་བསྟར་བྱས་ནས་ཟླ་བ་གསུམ་སོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་སྤེལ་བའི《པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ལག་བསྟར་བྱས་ནས་ཟླ་བ་གསུམ་སོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་31ཉིན་བར་པེ་ཅིང་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་སྡེ་ཚན་གྱིས་རིམ་རྩིས་བྱས་ན་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པོའི་འགན་འཁྲི་ཚན་པ་ཁྲི་18.8ལ་ཞིབ་བཤེར་བྱས་ཤིང་། གནད་དོན་ཡོད་པའི་ཚན་པ་ཁྲི་1.39རྩད་ཆོད་པ་དང་འཚོ་བའི་གད་སྙིགས་རིགས་དབྱེའི་ཁྲིམས་འགལ་གྱི་བྱེད་སྤྱོད་6990གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
   གསར་དུ་བཟོ་བཅོས་བརྒྱབ་པའི《པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབུན་ཐེན་ཝུའུ་ཡིས་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པོའི་འགན་འཁྲི་ཚན་པ་རེ་ཟུང་ལ་གཏན་འབེབས་ལྟར་འཚོ་བའི་གད་སྙིགས་རིགས་དབྱེའི་འཚོལ་བསྡུའི་སྣོད་ཆས་བཀོད་སྒྲིག་མི་བྱེད་པ་དང་། འཚོ་བའི་གད་སྙིགས་རིགས་དབྱེ་ནས་འབྲེལ་ཡོད་མཚོན་རྟགས་བཀོད་པའི་འཚོལ་བསྡུའི་སྣོད་ཆས་ནང་མི་གཤོ་བ། འཚོལ་བསྡུའི་སྐྱེལ་འདྲེན་ཚན་པས་མཉམ་བསྲེས་མཉམ་སྐྱེལ་བྱེད་པ་སོགས་ཀྱི་གནད་དོན་ཡོད་ལ། གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་སྡེ་ཚན་གྱིས་མང་ཚོགས་ཀྱིས་ཐེར་འདོན་བྱེད་མང་བ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེ་བའི་འཚོ་བའི་གད་སྙིགས་མཉམ་བསྲེས་མཉམ་སྐྱེལ་གྱི་ཁྲིམས་འགལ་བྱེད་སྤྱོད་99གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།