འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།ཀྲུང་གོའི་ནང་སོག་རྩྭ་ཐང་གི་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་འཚོག་ཉེར་ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་ནང་སོག་རྩྭ་ཐང་གི་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་2020ལོའི་ཟླ་8ཚེས་8ཉིན་ནས་ཟླ་8ཚེས་20ཉིན་བར་ནང་སོག་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་གཉེར་རྒྱུ་རེད།
   ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་རྩྭ་ཐང་གི་རིག་གནས་དུས་ཆེན་ཐོག“དབྱར་ཟླ་བརྒྱད་པར་བསྟོད་གླུ་ལེན། རྩྭ་ཐང་གི་རོལ་དབྱངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། “སྒྱུ་རྩལ་གྱི་འདུ་ཚོགས། མི་དམངས་ཀྱི་དུས་ཆེན”ཞེས་པ་དམིགས་ཡུལ་དུ་བྱེད་པ། བརྩམས་ཆོས་སྤུས་རྟགས་འགྲེམས་སྟོན་དང་། རྒྱུན་འཛིན་གཞན་སྒྱུར། རིག་གནས་མཉམ་སྤྱོད། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ནང་དོན་གཙོ་བོར་བྱས་ཏེ། མང་ཚོཌ་ཐེ་ཞུགས་དང་། གནས་མང་མཉམ་འགུལ། མོང་དང་གྲོང་ཁྱེར་མཉམ་འགུལ་བཅས་འབུར་དུ་ཐོན་པར་བྱ་རྒྱུ་རེད།
   རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་འོག་སྐབས་འདིའི་རྩྭ་ཐང་གི་རིག་གནས་དུས་ཆེན་གྱིས་དྲ་ཕྱིའི་འཁྲབ་སྟོན་འགྲེམས་སྟོན་གཙིགས་སུ་འཛིན་རྒྱུ་མ་ཟད། དྲ་ཐོག་གི་ཁྱབ་སྤེལ་ལའང་དོ་སྣང་ཆེན་པོ་བྱས་ཏེ། “དྲ་ཐོག་གི་རྩྭ་ཐང་རིག་གནས་དུས་ཆེན”འཚོལ་ཞིབ་དང་ཚོད་ལྟ་ཧུར་ཐག་བྱེད་པ་དང་། བྱེད་སྒོའི་རྣམ་གྲངས་ཚང་མ་དྲ་ཐོག་དང་དྲ་ཕྱིར་དུས་མཉམ་དུ་སྤེལ་བ། འཁྲབ་སྟོན་དང་དེའི་བཞུགས་མོལ་ཚང་མ་དྲ་ཐོག་ནས་ཐད་གཏོང་བྱེད་པ། འགྲན་བསྡུར་གྱི་བྱེད་སྒོ་ཁག་གི་དུས་འགོར་དྲ་ཐོག་ནས་འདེམས་སྒྲུག་དང་དཔྱད་བསྡུར་བྱེད་པ། བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁག་ལ“དྲ་ཐོག་འགྲེམས་ཁང”བཙུགས་ནས་རིག་རྩལ་དང་བླངས་པ་ཚོས་དྲ་ཐོག་གི་འཁྲབ་སྟོན་དང་། དྲ་ཐོག་གི་གླུ་གཞས་འགྲན་བསྡུར་ཆེ་མོ་དང“རྩྭ་ཐང་དུ་ཡོང་ནས་དགའ་བའི་གླུ་དབྱངས་ལེན”ཞེས་པའི་བྱེད་སྒོ་གཙོ་བོ་དྲ་ཐོག་གི་ལས་སྟེགས་སྤྱད་དེ་སྤེལ་རྒྱུ་རེད།