འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།ཨན་ཧུའེ་ཧོ་ཕེས།“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”སྤྱི་པའི་ལུས་ རྩལ་ཁང་རིན་མེད་ངང་སྒོ་འབྱེད་རྒྱུ་ཡིན་པ།

“དྲ་ཐོག་ནས་བྱ་དགའ་འཐེན་པའི”བྱེད་སྒོ་སྤེལ་རྒྱུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཕེ་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པས་ཨན་ཧུའེ་ཞིང་ཆེན་ཧོ་ཕེ་གྲོང་ཁྱེར་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧོ་ཕེ་གྲོང་ཁྱེར་གྱི་སྤྱི་པའི་ལུས་རྩལ་ཁང་ཟླ་8ཚེས་8ཉིན“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”ཉིན་དེར་སྤྱི་དམངས་ལ་རིན་མེད་ངང་སྒོ་འབྱེད་རྒྱུ་ཡིན་པ་མ་ཟད། ཟླ་8ཚེས་6ཉིན་ནས་ཚེས་8ཉིན་བར་ལུས་རྩལ་ཡོ་ཆས་ལེན་ཆོག་པའི“དྲ་ཐོག་ནས་བྱ་དགའ་འཐེན་པའི”བྱེད་སྒོ་ཡང་སྤེལ་རྒྱུ་རེད།
    ཧོ་ཕེ་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་སྤྱི་པའི་ལུས་རྩལ་ཁང་ཁག་གིས་ཞིབ་ཕྲའི་སྒོ་དབྱེའི་ཇུས་གཞི་བཟོ་བ་དང་། ལྷག་པར་དུ་བདེ་འཇགས་ཀྱི་སྔོན་ཇུས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་བཟོ་བ་མ་ཟད། ཇུས་གཞི་དེ་དག་སྔ་སྣུར་དུ་སྤྱི་ཚོགས་སུ་ཡོངས་བསྒྲགས་ཀྱང་བྱེད་དགོས་པ་དང་། སྤྱི་པའི་ལུས་རྩལ་ཁང་ཁག་གིས་ཆེད་བསྐོས་ལས་འགན་འཁུར་མཁན་བཀོད་སྒྲིག་བྱས་ཏེ་རིན་མེད་སྒོ་དབྱེའི་ལས་དོན་སྒྲུབ་འགན་འཁུར་བ་དང་། མི་སྣའི་ལམ་སྟོན་དང་ས་གནས་ས་ཐོག་གི་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རིན་མེད་སྒོ་དབྱེའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།