འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི”ཆུས་ཀྲི་ལིན་རང་རྒྱལ་དུ་ ལོག་ནས་རང་ཉེས་ངོས་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་གི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག ཧྲན་ཏུང་ཞིང་ཆེན་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་དང་ཆིང་ཏའོ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི”ལས་ཐོག་ཉེས་གསོག་དོགས་ཅན་ཆུས་ཀྲི་ལིན་རང་རྒྱལ་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་མ་ཟད་བཙོག་དངུལ་རང་འགུལ་ངང་ཕྱིར་སློག་བྱས་པ་རེད།
   ཆུས་ཀྲི་ལིན། ཕོ། 1956ལོའི་ཟླ་11པར་སྐྱེས། ཀྲུང་གུང་ཏང་ཡོན་དང་། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ཧྲང་ཝང་པུའུ་སྡེ་ཁུལ་གྱི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ལྷན་གྱི་ཨུ་ཡོན་བཅས་ཡིན་པ་དང་། དབང་ཆ་གང་བྱུང་དུ་སྤྱད་པའི་ཉེས་པ་དང་ལྐོག་ཟ་ལྐོག་ལེན་གྱི་ནག་ཉེས་བསགས་རྗེས་2018ལོའི་ཟླ་2པར་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བ་དང་། 2018ལོའི་ཟླ་7པར་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ལྟ་ཞིབ་ཨུ་ལྷན་གྱིས་ཆུས་ཀྲི་ལིན་ལ་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་ཤིང་། 2020ལོའི་ཟླ་3པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་བརྒྱུད་ཆུས་ཀྲི་ལིན་ལ་འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་ཡོད།
   ཀྲུང་དབྱང་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་གི་འགན་འཁུར་བས་ཆུས་ཀྲི་ལིན་ནི་གཞི་རིམ་གྱི་ལས་བྱེད་པས་ལྐོག་ཟ་ལྐོག་ལེན་བྱས་ནས་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་དཔེ་མཚོན་ཞིག་ཡིན། དེའི་གྱོད་འབྲེལ་དངུལ་འབོར་ཆེ་ལ་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེ་བ་མ་ཟད། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཉེས་ཅན་པ་བཟུང་ཐུབ་པ་ནི་2020ལོའི་ལས་ཐོག་ཉེས་གསོག་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། གོམ་སྟབས་རྗེས་མར་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཕྱི་རྒྱལ་ལ་བྲོས་བྱོལ་སོང་བའི་གྱོད་གཞིར་མུ་མཐུད་བསྡིགས་ནས་གཞི་རིམ་གྱི་རང་སྐྱོང་རྩ་འཛུགས་དང་དམངས་འཚོའི་ཁྱབ་ཁོངས་ཁྲོད་ཕྱི་རྒྱལ་ལ་བྲོས་བྱོལ་དུ་འགྲོ་བའི་ལྐོག་ཟ་ལྐོག་ལེན་བར་བྲོས་འདེད་དངུལ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།