འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅།།ཟླ་9པ་ནས་བཟུང་སྨན་རིགས་བརྒྱད་འདི་དག་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བཅུག་རྒྱུ་མིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉེ་ཆར་《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས།》སྤེལ་བ་རེད། བཅུད་ལྡན་སྨན་དང་ལུས་ཁམས་བདེ་སྲུང་སྨན་སོགས་སྨན་རིགས་བརྒྱད་《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་》ནང་མི་བཅུག་རྒྱུ་ཁ་གསལ་སྟོན་ཡོད། གནས་སྐབས་ལག་བསྟར་བྱ་ཐབས་འདི་2020ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
    གནས་སྐབས་ལག་བསྟར་བྱ་ཐབས་ནང་ཁ་གསལ་སྟོན་པའི་སྨན་རྫས་རིགས་བརྒྱད་ནི། གཙོ་བོ་བཅུད་ལྡན་སྨན་ཡིན། རྒྱལ་ཁབ་ཀྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྨན་རྫས་ཚུད་ཡོད་པ་དང་། ལུས་ཁམས་བདེ་སྲུང་སྨན་རྫས་དང་། སྔོན་འགོག་རང་བཞིན་གྱི་སྨན་ཁབ་དང་སྦྲུམ་འགོག་སྨན་རྫས་ཏེ། གཙོ་བོ་སྐྲ་བུད་པ་དང་། ཤ་སྐམ་ཏུ་གཏོང་པ། རྣམ་པ་མཛེས་བཟོ། ཐ་མག་དང་ཆང་རག་གཅོད་སྨན་སོགས་ཡིན། སྨན་བཅོས་རྣམས་གྲངས་སོགས་སུ་བཅུག་པའི་རྐྱེན་གྱིས། ཁེར་རྐྱང་དུ་སྨན་རིན་བསྡུ་ཐབས་མེད་པའི་སྨན་ཏེ། ཆང་སྦྱོར་སྨན་རྫས་དང་། ཇ་སྦྱོར་སྨན་རྫས། ཤིང་ཏོག་སྣ་ཚོགས་ཀྱི་བྲོ་སྦྱོར་སྨན་(དམིགས་བསལ་གནས་ཚུལ་འོག་གི་བྱིས་པའི་སྨན་སྤྱོད་ཕུད)བཟའ་བའི་སྨན་(དམིགས་བསལ་གཏན་འཁེལ་བྱས་པའི་གནས་ཚུལ་ཕུད)སོགས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་གཞན་དག་བཅས་ཡིན།
    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི“བཀའ་རྒྱ་ཨང་དང་པོ་”ཁྱབ་བསྒྲགས་བྱས་པའི《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ནི་འབྱུང་འགྱུར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་བྱེད་པའི“སྒྲིག་སྲོལ”ལ་བརྩིས་ཡོད། གནས་སྐབས་ལག་བསྟར་བྱ་ཐབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩ་དོན་ཐོག་ལོ་རེར་ལེགས་སྒྲིག་ཐེངས་རེ་བྱ་རྒྱུ་ཡིན་པ་རེད།
    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། གནས་སྐབས་ལག་བསྟར་བྱ་ཐབས་དེ་བཟོས་པ་ནི་གཙོ་བོ་འགན་བཅོལ་ནང་ཞུགས་མཁན་མི་སྣའི་གཞི་རྩའི་སྨན་སྤྱོད་དགོས་མཁོ་འགན་ལེན་བྱེད་པ་དང་།  གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་ཆེད་ཡིན།