འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅༎ཡུན་ནན་བདེ་ཆེན་ཀྲོའུ་རྒྱ་ཞིང་ཤང་གི་གྲོང་མིས་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ།

—— རྩིས་གསལ་པོ་བརྒྱབ་ནས་མང་ཚོགས་ཀྱི་སེམས་ལ་ངེས་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དུད་ཚང་དབུལ་པོར་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་དང་། ངལ་ནུས་དཀོན་པའི་ཁྱིམ་ཚང་ལ་ལས་ཀ་བྱེད་རོགས། གྲོང་ཚོའི་གད་སྙིགས་གཙང་སེལ། གྲོང་མིའི་སྒོ་རའི་ནང་གཙང་སྦྲ་བྱེད་པ་སོགས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱ་ཞིང་ཤང་ཚེར་ཐང་གྲོང་ཚོར། གྲོང་མིས་བཙུགས་པའི་དང་བླངས་ཞབས་ཞུའི་རུ་ཁག་ཅིག་ཡོད། གལ་ཏེ་བྱ་བཟང་སྒྲུབ་དགོས་ཚེ་ཞབས་ཞུ་རུ་ཁག་དེས་རང་འགུལ་ངང་རོགས་པ་བྱེད་ངེས་རེད།
     རྒྱུ་མཚན་ཅིའི་ཕྱིར་གྲོང་མིས་རང་འགུལ་ངང་ཞབས་ཞུ་རུ་ཁག་དེ་བཙུགས་པ་རེད་དམ་ཞེ་ན། ལོ་གསུམ་གོང་གི་རྩིས་རྒྱག་ཐེངས་བཞི་ནས་གླེང་དགོས།
     2017ལོའི་ལོ་འགོར། རྒྱ་ཞིང་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས་ཤང་དེའི་ཁྱབ་ཁོངས་སུ་བློ་ཡིད་ཚིམ་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཐེངས་ཤིག་བྱས་པར། ཚེར་ཐང་གྲོང་ཚོའི་བློ་ཡིད་ཚིམ་ཚད་གྲོང་ཚོ་གཞན་དག་གཉིས་ལས་དམའ་བ་ཡོད།
     “ང་ཚོ་ལས་བྱེད་པས་ཀྱང་འབད་བརྩོན་ལྷོད་མེད་བྱས་ཡོད། ཡིན་ན་ཡང་གདེང་འཇོག་འདི་འདྲ་ཐོབ་པ་རྒྱུ་མཚན་ཅི་ཡིན་ནམ”ཞེས་རྒྱ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཀྲི་ཧྭ་ཡིས་བཤད་པ་དང་། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་བརྟག་དཔྱད་ཞིབ་འཇུག་བྱས་མཐར། གནད་དོན་གྱི་རྩ་བ་ནི་གྲོང་མི་ཚོ་སྲིད་ཇུས་ལ་རྒྱུས་ལོན་མེད་པས་ཡིན་པ་ཤེས་རྟོགས་བྱུང་། ཉེ་བའི་ལོ་ཤས་རིང་། དམངས་ཕན་སྲིད་ཇུས་མི་ཉུང་བ་ཞིག་བཏོན་ཡོད་ཀྱང་ལོངས་སྤྱོད་ཐུབ་པ་གྲོང་མི་མི་ཉུང་བ་ཞིག་གིས་གསལ་པོར་ཤེས་ཀྱི་མེད། དབུལ་སྐྱོར་སྲིད་ཇུས་ཁྱིམ་ཚང་དབུལ་པོ་ཁོ་ནས་ལོངས་སྤྱོད་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་མང་ཚོགས་དཀྱུས་མ་དང་འབྲེལ་བ་མེད་པ་སོགས་མང་ཚོགས་ཀྱི་སེམས་ལ་དོགས་པ་མང་པོ་ཡོད།
     དེར་བརྟེན། རྒྱ་ཞིང་ཤང་གི་ཏང་ཡོན་ལས་བྱེད་པ་ཚོ་ཞིང་ནང་མུ་ཁར་བསྐྱོད་དེ་གྲོང་མི་ཚོར་དམངས་ཕན་སྲིད་ཇུས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། ཏང་ཡོན་མི་སྒེར་བཅས་ཀྱི་རྩིས་ཐེངས་བཞི་བརྒྱབ་པ་རེད།
     དུད་ཚང་རེ་རེ་བཞིན་རྩིས་བརྒྱབ་ནས་སྲིད་ཇུས་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ཅིང་། རྩིས་རྒྱག་པའི་བརྒྱུད་རིམ་ཁྲོད། དུད་ཚང་དབུལ་པོ་མིན་རིགས་ཀྱིས། སྲིད་གཞུང་གིས་དུད་ཚང་དབུལ་པོར་ཕྱོགས་པའི་ཕན་བདེ་རིགས་ང་ཚོ་དང་འབྲེལ་བ་མི་འདུག་ཅེས་བསམ་འཆར་བཏོན། དོན་དངོས་ཐོག ཆུ་དང་། གློག ལམ། ཉི་ནུས་ཀྱི་ལམ་སྒྲོན། ཞིང་ཁའི་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་ཀུན་གྱིས་ལོངས་སྤྱོད་ཐུབ་པའི་སྤྱི་པའི་ཐོན་ཁུངས་དང་སྒྲིག་བཀོད་ཡིན་པ་མ་ཟད། ད་དུང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བྱུང་ཚེ་ཚང་མར་ཡང་ཕན་པ་འཐོབ་ཀྱི་ཡོད། ད་ཆ་ཤང་ཡོངས་ཀྱི་ཕྱུགས་རིགས་གསོ་ཚགས་དང་སྨན་རྩྭ་འདེབས་འཛུགས་ཀྱི་གསར་དར་ཞིང་པའི་མཉམ་ལས་ཁང་10ལྷག་ཙམ་ཟིན་ནས་གྲོང་མིའི་ཐོན་འབབ་དང་ཡོང་འབབ་གཉིས་འཕར་བྱུང་ཡོད།
     ཁ་ཡོད་ལག་ཡོད་ཀྱི་དམངས་ཕན་སྲིད་ཇུས་འདི་དག་རྩིས་གསལ་པོར་བརྒྱབ་ཚེ་མི་སེར་ཚོས་གཞི་ནས་ཧ་གོ་ཡི་རེད། “རྩིས་མ་བརྒྱབ་ན་མི་ཤེས། རྩིས་ཐེངས་གཅིག་བརྒྱབ་ན་དུད་ཚང་དབུལ་པོ་གཅིག་པུ་མ་ཡིན་པར་གྲོང་ཚོའི་མི་ཚང་མར་ཕན་པ་ཐོབ་པ་གསལ་པོར་ཤེས་ཡོང”ཞེས་གྲོང་མི་ཞའོ་ནུང་གིས་བཤད།
     “ང་ཚོར་ཕན་པ་འདི་འདྲ་མང་པོ་ཐོབ་པ་སོ་སོའི་སེམས་གཏིང་ནས་ཤེས་དགོས”“རྩ་བ་བརྗེད་མི་རུང་། འཚོ་བ་སྔར་ལས་ཡག་པོ་ཞིག་སྐྱེལ་ཆེད། ང་ཚོ་རང་ཉིད་ཀྱིས་ཀྱང་འབད་འབུངས་བྱེད་དགོས”ཞེས་གྲོང་ཚོའི་ཏང་ཡོན་དགེ་བཟང་གིས་བཤད་ཅིང་། 2017ལོ་ནས་བཟུང་། “རྩིས་རྒྱག་ཐེངས་བཞི”ལས་དགེ་བཟང་དང་གྲོང་མི་གཞན་དག་བཞིས་རང་འགུལ་ངང་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཏེ་གྲོང་མི་ཚོར་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས།
     2018ལོར། འབྲི་ཆུའི་པད་དགེའི་འཁྱིལ་མཚོ་བཤངས་ནས་ཆུ་རྒྱུད་ཀྱི་གྲོང་ཚོ་ཁག་དུས་ཐོག་ཏུ་ཁ་འགྲེམས་དང་མང་ཚོགས་བཀོད་སྒྲིག་བྱེད་སྐབས། བརྡ་ཐོ་འབྱོར་འཕྲལ་དགེ་བཟང་གིས་ཞབས་ཞུ་རུ་ཁག་གི་སྣེ་ཁྲིད་དེ་མང་ཚོགས་ལ་ཞོགས་སྔ་མོ་ནས་དགོང་མོ་མ་ཉལ་བར་རྒྱུ་ནོར་སྤོ་རོགས་དང་གུར་འབུབས་རོགས་སོགས་བྱས། དགེ་བཟང་དང་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་དོར་མའི་སྒབ་ཆ་མཐོན་པོར་བརྫེས་ནས་ཚོང་ཁང་དང་དུད་ཚང་ཁག་ལ་འདམ་རུད་གཤོང་རོགས་བྱས། ཁོ་ཚོས་ཉིན་མཚན་བཞིའི་རིང་སོ་སོས་ཁྱེར་བའི་ལམ་རྒྱགས་ཟ་ཞོར་དེ་ལྟར་ཞབས་འདེགས་ཞུས།
     དགེ་བཟང་གི་སྣེ་ཁྲིད་འོག ཞབས་ཞུ་རུ་ཁག་གིས་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལམ་དང་ཟམ་པ་འོས་འགན་ཉམས་བཟོ་བྱེད་པ། རང་འགུལ་ངང་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་སོགས་རོགས་སྐྱོར་རྣམ་གྲངས་སྔར་བས་མང་དུ་ཕྱིན་པ་དང་ཆབས་ཅིག རུ་ཁག་དེར་ཞུགས་མཁན་ཡང་ཇེ་མང་དུ་ཕྱིན། ད་ཆ། ཚེར་ཐང་གྲོང་ཚོ་དང་ཐག་མི་རིང་པའི་ཚངས་རྒྱབ་གྲོང་ཚོ་དང་བྲག་ཅོག་གྲོང་ཚོ་གཉིས་ཀྱིས་ཀྱང་དང་བླངས་ཞབས་ཞུ་རུ་ཁག་བཙུགས། དགེ་བཟང་ཞབས་ཞུ་རུ་ཁག་ལ་རུ་མི་ད་ཆ་48དང་རྒྱ་ཞིང་ཤང་གི་དང་བླངས་ཞབས་ཞུ་རུ་ཁག་ལ་རུ་མི་109ཟིན་ཡོད་པ་རེད།
     རྩིས་གསལ་པོ་ཞིག་བརྒྱབ་ན་མང་ཚོགས་ཀྱི་སེམས་ལ་གསལ་པོ་ངེས་ཀྱི་རེད། ད་ཆའི་རྒྱ་ཞིང་ཤང་སྔ་ས་ནས་དབུལ་སྒྲོལ་བྱུང་བ་མ་ཟད། ད་དུང་ཁོར་ཡུག་མཛེས་པ་དང་། ཡོང་འབབ་འཕར་བ། དམངས་སེམས་བདེ་བ་བཅས་བྱུང་ནས། གྲོང་མི་ཚོས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ལམ་བུར་འབད་འབུངས་ཧུར་ཐག་བྱེད་བཞིན་ཡོད།