འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅༎ཀྲུང་གོ་མཚོ་ཁུག་ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཐོག་བཀབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི(ཀྲུང་གོ་མཚོ་ཁུག)ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཚོགས་པས་བསྐྲུན་འགན་འཁུར་བའི་རིག་ནུས་ཅན་གྱི་ཕྱོགས་བསྡུས་འཛུགས་སྐྲུན་རྣམ་གྲངས་ཟླ་7ཚེས་31ཉིན་ཐོག་བཀབ་པ་དེ་ཐོག་ནས་ཁེ་ལས་ཀྱིས་རིམས་འགོག་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
     སི་རི་ལན་ཁའི་ཁང་བདག་གི་འཐུས་མི་སཱ་མཱ་ལཱ་ཤིན་ཧས་དེ་ཉིན་ཐོག་བཀབ་པར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས་ཀྲུང་གོའི་མཚོ་ཁུག་རྣམ་གྲངས་ཀུང་སིས་ལོ་མང་རིང་སི་རི་ལན་ཁར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པར་བསྔགས་བརྗོད་བྱས་པ་དང་ཆབས་ཅིག་ཐོན་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་ལག་རྩལ་གྱི་དཀའ་གནད་རབ་དང་རིམ་པ་འགག་སྒྲོལ་བྱས་ཏེ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་ཐོག་བཀབ་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐོག་སོ་50ཡོད་པའི་ཕྱོགས་བསྡུས་འཛུགས་སྐྲུན་དེའི་མཐོ་ཚད་ལ་སྨི་203ཡོད་པ་དང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་14.1ཡོད་ཅིང་། སྔོན་རྩིས་བྱས་ན་2021ལོའི་ཟླ་བ་བདུན་པར་ལས་མཇུག་འགྲིལ་རྒྱུ་རེད།