འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅༎ཁེར་གྷི་སི་ཐན་གྱིས་ཏོག་གསར་གློ་ཚད་ཕོག་ནས་གྲོངས་པའི་མིར་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་ཁེར་གྷི་སི་ཐན་གྱིས་ཏོག་གསར་གློ་ཚད་ཕོག་ནས་གྲོངས་པའི་མིར་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུས་པ་རེད།
     མྱ་ངན་ཞུ་བའི་བྱེད་སྒོ་རྒྱལ་ས་པི་སི་ཁེག་གྲོང་འདབས་ཀྱི་ཨ་ཐ་པེ་དབྱི་ཐེ་སྤྱི་པའི་བང་སོར་འཚོགས་པ་དང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུའུ་དང་། གྲོས་དཔོན་རུའུ་མ་པེ་ཁེ་ཧྥུའུ། ཙུང་ལི་པུའོ་ལུའོ་ནུའོ་ཧྥུའུ་སོགས་དཔོན་རིགས་ཞུགས་ཡོད་པ་རེད།
     རེ་ཨེན་པེ་ཁེ་ཧྥུའུ་ཡིས་གཏམ་བཤད་གནང་སྐབས། “འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་མཆེད་པའི་རིམས་ནད་དེས་ཁེར་གྷི་སི་ཐན་ལ་སྡུག་བསྔལ་ཆེན་པོ་བཟོས་ཡོད”ཅེས་བརྗོད། ཁོང་གིས་རིམས་ནད་ལ་འགོག་རྒོལ་དང་སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཡོངས་རང་བཞིན་གྱི་འཐབ་རྩོད་ཅིག་ཡིན། “མཐུན་སྒྲིལ་གྱི་སྟོབས་ཤུགས་ཡོད་པ་དང་མཉམ་ལས་ཡག་པོ་བྱས་ཚེ། ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན”ཞེས་ནན་བཤད་བྱས་པ་རེད།
     ཉིན་དེར་ཁེར་གྷི་སི་ཐན་བརྙན་འཕྲིན་ལས་ཁུངས་ཀྱིས་རོལ་རྩེད་རང་བཞིན་གྱི་ལེ་ཚན་སྟོན་མཚམས་བཞག་པ་རེད།
     ཁེར་གྷི་སི་ཐན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའི་གྲངས་གཞི་ལས་མངོན་དོན། ཟླ་7ཚེས་30ཉིན་བར་ཁེར་གྷི་སི་ཐན་དུ་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་35143ཡོད་པའི་ནང་རིམ་རྩིས་བྱས་ན་མི་1364གྲོངས་པ་དང་མི་24474དྲག་སྐྱེད་བྱུང་བ་རེད།