འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅།།ཤིན་ཅང་གིས་གོ་རིམ་ལྡན་པ་དང་ལས་ཆོད་ཆེན་པོས་རིམས་ནད་ སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་གློག་འཕྲིན་འབྱོར་གསལ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཁྱབ་གསར་ཤོས་ལས་མངོན་གསལ། ཟླ་7ཚེས་15ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་7ཚེས་31ཉིན་གྱི་ཆུ་ཚོད་24བར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན)ལ་ད་ཡོད་གཏན་འཁེལ་བྱུང་བའི་ནད་དཔེ547དང་ནད་རྟགས་མེད་པའི་ནད་དཔེ་109ཡོད་པ་དང་། རིམ་རྩིས་བྱས་ན། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་16དང་ནད་རྟགས་མེད་པའི་ནད་དཔེའི་ཁྲོད་ནས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པའི་ནད་དཔེ་16ཡོད་པ་རེད།
   ད་ཐེངས་ཀྱི་རིམས་ནད་ཐོན་རྗེས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལམ་སེང་འཕྲལ་སྡོམ་སྔོན་ཇུས་བསྟར་ནས་གོ་རིམ་ལྡན་པ་དང་ལས་ཆོད་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་རེད།
   དམངས་ཡོངས་ལ་རིན་པ་མི་དགོས་པར་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ་རིམས་ནད་མཆེད་ལམ་བཀག་ཅིང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཝུའེ་ཡིས། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་སེང་། སྔ་ཙམ་ནས་ལོགས་འཇོག སྔ་ཙམ་ནས་སྨན་བཅོས་བཅས་ཐུབ་པའི་འགན་ལེན་བྱ་ཆེད། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱིས“བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱེད་པ་དང་བརྟག་དཔྱད་བྱེད་འདོད་ཡོད་རིགས་ཚང་མར་བརྟག་དཔྱད་བྱེད་པའི”རྩ་དོན་ལྟར་གྲོང་ཁྱེར་ཡོངས་སུ་ཁག་བགོས་ནས་རིན་པ་མི་དགོས་པར་ཉིང་སྐྱུར་བརྟག་དཔྱད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད་ཅེས་བརྗོད་པ་རེད།
   བརྟག་དཔྱད་ཀྱི་ལས་ཆོད་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགན་གཙང་འབྲེལ་གཏུག་གི་འགན་འཁྲིའི་ལམ་ལུགས་བཟོས་ཏེ་ཞིང་ཆེན་རིམ་པའི་འགོ་ཁྲིད་གཅིག་གིས་བརྟག་དཔྱད་སྒྲིག་གཞི་གཅིག་འགན་གཙང་འབྲེལ་གཏུག་བྱས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་གཅིག་གིས་སྦྲེལ་མཐུད་པ་བྱེད་པ། འབྲེལ་གཏུག་པའི་ལམ་ལུགས་བཟོས་པ། ས་ཆ་དངོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཕྱོགས་ཡོངས་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ནུས་པ་ཆེ་རུ་བཏང་བ་བཅས་ཀྱི་ཐོག་ནས་བརྟག་དཔྱད་སྒྲིག་གཞིའི་བརྟག་དཔྱད་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་པ་རེད།
   དངོས་ཟོག་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱས་ཏེ་དངོས་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཤིང་། རིམས་ནད་ཐོན་རྗེས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱིས་མཚན་མོ་དེ་རང་ལ《ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་གལ་ཆེ་བའི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་ཀྱི་འཕྲལ་སྡོམ་སྔོན་ཇུས》བསྟར་བ་དང་། ཐབས་ལམ་སྣ་ཚོགས་ཕྱོགས་བསྡུས་བྱས་ནས་བརྟག་དཔྱད་བྱེད་པ། གྲོང་ཁྱེར(ཆུས)མཉམ་སྒུལ་བྱེད་པ་བཅས་བརྒྱུད་ཕྱིར་ཚོང་ཁེ་ལས་ཀྱིས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབ་པར་ཁྲིད་སྟོན་བྱས་པ་རེད།
   ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་སུང་ཡཱ་ཅུན་གྱིས། ད་ཐེངས་ཀྱི་རིམས་ནད་ཐོན་རྗེས། ཝུའུ་ལུའུ་མུའུ་ཆིས་གཞི་རྩའི་འཚོ་བའི་དངོས་ཟོག་གི་ཁྲོམ་རའི་རིན་གོང་ནུས་ཤུགས་ཡོད་རྒུས་བརྟན་པོ་ཡོང་བ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་གྱི་སྔོ་ཚལ་ཐད་ཚོང་ས་ཚིགས་491གི་ཕྱིར་ཚོང་རིན་གོང་ཚད་གཞི་བཟོས་ཏེ་ནོར་སྲིད་ཀྱིས་སྒོར་ཁྲི་1000ཁ་གསབ་བརྒྱབ་ཡོད། སྔོ་ཚལ་ཚོང་ས་སྣ་ཚོགས(སྤྱི་ཚོགས་ཀྱི་སྔོ་ཚལ་ཚོང་ཁང་ཚུད་པ)ཀྱིས་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་བསྟར་བྱས་པ་དང་རིན་གོང་ཁྱད་པར་ཤོར་བའི་ཆ་ཤས་ལ་སྲིད་གཞུང་གིས་ཁ་གསབ་སྤྲད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   མིག་སྔར་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་སྡེབ་ཚོང་ཁྲོམ་ར་སྣ་ཚོགས་ཀྱི་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་པ་དང་རྒྱུན་མཐོང་གི་སྔོ་ཚལ་སྣ་ཁ་60ཙམ་གྱི་སྡེབ་ཚོང་རིན་གོང་གཞི་རྩའི་ཆ་ནས་རིམས་ནད་མ་ཐོན་གོང་གི་ཚད་གཞིར་སླེབས་ཡོད་པ་རེད།